ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་12ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་འདམ་གཞུང་རྫོང་དུ་ཕེབས་ནས་ཡུལ་དངོས་སུ་གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་། དེ་བས་ནན་པ་དང་། དེ་བས་ཞིབ་ཚགས་པ། དེ་བས་དོན་དངོས་བཅས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་གྲ་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་དེ་གསར་པ་དང་། ཁྱད་ཆོས་ལྡན་པ། ཆུ་ཚད་ཡོད་པ། ངོ་མཚར་ཆེ་བ་བཅས་ཡོང་བར་འགན་ལེན་བྱེད་དགོས།
ཟླ་ལྔ་པའི་འདམ་གཞུང་གི་མཛེས་ལྗོངས་ཡིད་དུ་འོང་བ་དང་། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དང་གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ཁག་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད། ཝང་ཆང་དང་བཅས་པ་སྔ་རྗེས་སུ་གཉན་ཆེན་ཐང་ལྷའི་མཛེས་ལྗོངས་ལྟ་ཞིབ་སྟེགས་བུ་དང་། གནམ་མཚོའི་ཡུལ་སྐོར་བ་བསྡུ་འགྲེམས་ལྟེ་གནས། སྐུ་མགྲོན་བཞུགས་སའི་གསོལ་མགྲོན་ཁང་དང་དེ་བཞིན་བྱེད་སྒོའི་ལམ་རྒྱུད་ཀྱི་ལམ་བུ་སོགས་སུ་ཕེབས་ནས་ཡུལ་དངོས་སུ་ཞག་སྡོད་དང་། བཟའ་བཏུང་། ཞབས་ཞུ་སྣེ་ལེན། ཁོར་ཡུག་བཅོས་སྒྲིག་སོགས་ལས་དོན་ཁག་གི་གྲ་སྒྲིག་ལས་དོན་ལ་ལྟ་ཞིབ་དང་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། མིག་སྔའི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ཐད་ཁས་ལེན་ཡང་གནང་བ་རེད། ཁོང་གིས་བསྟན་དོན། གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་ཡག་པོ་གཉེར་བ་ནི་འདུ་ཤེས་ཆེན་པོ་ལྔ་དོན་འཁྱོལ་དང་། མཉམ་འདྲེས་འཕེལ་རྒྱས་གལ་ཆེན་ལྔ་མཐའ་འཁྱོངས་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་གཏོད་དང་། ཡུལ་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་དངོས་སུ་འཛུགས་པ། ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་འཛུགས་པ་བཅས་ཀྱི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་རེད། གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་སྤེལ་ཉེར་ཡོད་པས། འགག་རྩའི་དུས་སྐབས་སུ་སྔར་བས་ཀྱང་ཡག་ཐོག་ཡག་བརྩེགས་བྱེད་དགོས། སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་དང་དེ་བཞིན་འབྲེལ་ཡོད་ཚན་པ་ཁག་གིས་འགན་འཁྲི་སླར་ཡང་ནན་དུ་གཏོང་བ་དང་། བྱེད་ཐབས་སླར་ཡང་ཞིབ་ཚགས་སུ་གཏོང་བ། བསམ་གཞིགས་ཡང་བསྐྱར་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཚད་གཞི་མཐོ་བ་དང་།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社