ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་11ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཧེང་ཏ་སྨན་ཁང་གི་འཐབ་ས་མདུན་མའི་སྨན་གཡོག་ལས་དོན་པའི་འཐུས་མིར་འཚམས་འདྲི་གནང་བ་དང་།གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་སྨན་གཡོག་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་ལྷན་དུ་ཕེབས་ཡོད།
ཀྲའོ་ཧུའེ་ཉན་ས་ཆ་གང་རུང་ཞིག་ཏུ་འབྱོར་སྐབས་སྨན་གཡོག་ལས་དོན་པའི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་བདེ་ཐང་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་དོན་གཉེར་ཞིག་ཡིན་སྟབས། སྨན་གཡོག་དཔུང་ཁག་གིས་ནད་བཅོས་སྲོག་སྐྱོབ་ཀྱི་ལས་འགན་སྒྲུབ་དུས་བླ་ན་མེད་པའི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད་པས་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་རྒྱབ་རྟེན་བརྟན་པོ་ཞིག་ཡིན་ལ་དེ་བས་ཀྱང་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་མཁན་ཞིག་ཀྱང་ཡིན། 5·12རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ངས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་རྒྱ་ཆེའི་སྨན་གཡོག་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社