ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2024ལོའི་ཨན་ནེང་ཟོག་འགྲེམས་སྤུས་རྟགས་འོས་སྦྱོར་དང་ཚོང་འགུགས་མནའ་འབྲེལ་གྱི་ཚོགས་འདུ་རང་གྲོང་དུ་འཚོགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ཨན་ནེང་ཟོག་འགྲེམས་དང་ཀུང་སི་མང་པོས་འཐབ་ཇུས་མཉམ་ལས་ཀྱི་གན་རྒྱ་བཞག་པ་དང་འབྲེལ་ཨན་ནེང་གི“ཕན་པ་ཐོབ་པའི་ཞལ་འདེབས”ཞེས་པའི་བོད་ཀྱི་སྤྱི་ཕན་འགྲེམས་སྤེལ་འགོ་ཚུཊ་པའི་མཛད་སྒོ་སྤེལ་འགོ་ཚུཊ་ཤིང་། ཨན་ནེང་ཟོག་འགྲེམས་བོད་ལྗོངས་ནས་ཕར་གཏོང་ཚུར་གཏོང་བྱེད་པའི་དངོས་ཟོག་ལ་དམིཊ་ཏེ་སྤྱི་རྒྱ་རེ་རེ་ལས་སྐར་མ་གཅིག་རེ་ཞལ་འདེབས་སུ་འབུལ་རྒྱུ་དང་། ཆེད་དངུལ་དེ་དགེ་སྒྲུབ་ཀྱི་རྣམ་གྲངས་ཐད་སྤྱོད་རྒྱུ་ཡིན་པ་རེད།
ཨན་ནེང་ཟོག་འགྲེམས་སྲོལ་གཏོད་པ་ཆིན་ཤིང་ཧྭ་ཡིས་2015ལོར་ཨན་ནེང་ཟོག་འགྲེམས་བོད་དུ་བཅའ་སྡོད་བྱས་པ་ནས་ད་བར་ཟོག་འགྲེམས་ལས་ཚིགས་30བཙུགས་ཡོད། ཨན་ནེང་ཟོག་འགྲེམས་ཀྱིས་ལོ་9ཡི་རིང་། ཨན་ནེང་བརྒྱུད་ཚེ་དངོས་ཟོག་ཡག་པོ་དབོར་བའི་སྤུས་རྟགས་ཀྱི་འདུ་ཤེས་དེ་བོད་ཀྱི་ས་ཁོངས་ཟོག་འགྲེམས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ཟབ་མོ་བཀོད་ཡོད་ཅེས་བཤད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社