(པར་ངོས་དང་པོར་མཐུད)སྒྱུར་བཅོས་དངོས་དང་སྒྱུར་བཅོས་མཐའ་འཁྱོངས་བྱས་ཏེ་སྐོར་ཞིབ་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་། སྐོར་ཞིབ་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐོར་ཞིབ་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཅས་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བྱ་སྤྱོད་ཐད་སླར་ཡང་ཤུགས་སྣོན་བརྒྱབ་སྟེ་སྐོར་ཞིབ་བཅོས་སྒྲིག་གི་ཕྱོགས་བསྡུས་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”སྤྱི་འདོམས་དམ་འཛིན་བྱས་ཏེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས་སྐོར་ཞིབ་བཅོས་སྒྲིག་གི་གྲུབ་འབྲས་བེད་སྤྱོད་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས། འགན་འཁྲི་སླར་ཡང་དམ་དུ་བཏང་ནས་བཅོས་སྒྲིག་གི་འགན་འཁྲི་རིམ་པ་བཞིན་དམ་དུ་བཏང་ནས་སྐོར་ཞིབ་བཅོས་སྒྲིག་གི་ལས་འགན་དེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཚན་ཁག་གི་དཔུང་ཁག་འཛུགས་སྐྱོང་དང་། མིག་སྔའི་གཙོ་གནད་ལས་ཀ་བཅས་དང་མཉམ་འདྲེས་ཐུབ་པར་བྱས་ཏེ་སྤྱི་འདོམས་གཞི་གཅིག་གིས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་པ་རེད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社