分享按钮

ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱི་ཡིད་དབང་འཕྲོག་ཤུགས་དང་འགན་འཁྲི།

(པར་ངོས་དང་པོར་མཐུད)སྟོད་པི་ལི་ཉིའུ་སི་ཞིང་ཆེན་གྱི་ཐུར་མ་ལའེ་རི་ཁུག་ཏུ་ཁྱེད་ལ་སྣེ་ལེན་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ས་གནས་དེ་ང་ལ་མཚོན་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ཁྱེད་ཚོས་མཛའ་གྲོཊ་ཀྱི་བརྩེ་བ་བཅངས་ནས་ལྷག་བསམ་ཟོལ་མེད་ཀྱི་སྤེལ་རེས་གནང་བར་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ང་ཚོ་རྒྱལ་ཁབ་གཉིས་དང་འཛམ་གླིང་དོ་སྙོམས་ཡོང་བར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞེས་སྲིད་འཛིན་མ་ཁེ་ལུང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཨང་རྟགས་བརྒྱུད་ནས་རྒྱ་ཡིག་གི་ཡིག་ཆ་མང་པོ་བསྟུད་མར་བསྐུར་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེར་ཕན་འབྲས་ལྡན་པའི་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་ཡོད།

“རྒྱལ་ཁབ་ཆེ་ཆུང་དང་། སྟོབས་ལྡན་དང་ཉམས་ཆུང་། དབུལ་ཕྱུག་བཅས་ལ་མི་བལྟོས་པར་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་ཁོངས་མི་ཡིན”ཞེས་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་དར་སྤེལ་བྱེད་པའི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགྲོ་འོང་གི་ཐབས་ལམ་ཞིག་རེད།

“ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ངས་ཁྱེད་ལ་བཤད་འདོད་པ་ནི་ཁྱེད་ལ་འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་བརྩི་འཇོག་ཐོབ་པ་དང་། སེར་ཝེ་ཡའི་མི་དམངས་ཀྱིས་ཁྱེད་ལ་བཅངས་པའི་བརྩེ་སེམས་ནི་ཁ་ཞེ་གཉིས་མེད་ཡིན”ཞེས་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ཡིས་དགའ་བསུ་མཛད་སྒོའི་ཐོག་གསུངས་པ་རེད། མི་ཁྲི་ཕྲག་མང་པོས་དགའ་བསུ་ཞུ་བའི་མི་ཚོགས་ཁྲོད་དམ་པོར་སྦྲེལ་བའི་སྐར་ལྔའི་དར་དམར་དང་སེར་ཝེ་ཡའི་རྒྱལ་དར་བསྒྲེངས་ཡོད་པ་དེ་ནི་ཀྲུང་གོ་དང་སེར་ཝེ་ཡའི་མཛའ་གྲོགས་ཀྱི་གསོན་ཉམས་ལྡན་པའི་དཔང་པོ་ཞིག་རེད།

ཀྲུང་གོ་ནི་སེར་ཝེ་ཡའི་བློས་ཐུབ་ཀྱི་མཛའ་གྲོགས་ཡིན། སྲིད་འཛིན་ཝུའུ་ཆི་ཆི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་གྲོས་མོལ་གནང་སྐབས“སེར་ཝེ་ཡ་ནི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་མོད། ཡིན་ནའང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སེར་ཝེ་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་གང་ལེགས་བྱས་ནས་སེར་ཝེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་རྩ་ཆེན་བྱེད་ཀྱི་ཡོད”ཅེས་བཤད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཕྱོགས་ཀྱིས་བཀོད་སྒྲིག་ཞིབ་ཚགས་གནང་བ་དང་དགའ་བསུ་གཟབ་རྒྱས་གནང་བར་སེམས་འགུལ་ཆེན་པོ་ཐེབས་པ་དང་། སེར་ཝེ་ཡའི་མི་དམངས་ནི་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་བཟང་པོ་ཡིན་པ་དང་ཀྲུང་གོར་མཛའ་གྲོགས་ཀྱི་བརྩེ་དུང་ཟབ་མོ་ཡོད་པ་ཚོར་བྱུང་ཞེས་གསུངས།

ཟླ་5ཚེས་8ཉིན་གྱི་དགོང་མོ། ཀྲུའུ་ཞི་ཞི་ཅིན་ཕིང་བཞུཊ་པའི་ཆེད་གཏོང་གནམ་གྲུ་དེ་པུ་ཏ་ཕེ་སིར་འབྱོར་ནས་ཧང་ག་རིའི་སྲིད་བློན་ཨོར་པན་སྟངས་དཔྱལ་དང་ཕྱི་འབྲེལ་པུའུ་ཀྲང་ཤིས་ཡར་ཏུའོ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་རེད། སྲིད་བློན་ཨོར་པན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་གཉིས་ལ་ཁྱེད་ཚོས“ཁྱིམ་དུ་ཕེབས་པར”དགའ་བསུ་ཞུ། ང་ཚོར་མཚོན་ན་དེ་ནི་གཟི་བརྗིད་ཆེན་པོ་རེད། “ཁྱིམ་དུ་ཕེབས་པ”ཞེས་པའི་སྐད་ཆ་དེ་ལས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་སྤྱིར་བཏང་ཞིག་མིན་པ་ཤེས་རྟོཊ་ཐུབ་ཀྱི་ཡོད། ལྷག་བསམ་ཟོལ་མེད་བཅངས་ནས་ཕན་ཚུན་འབྲེལ་འདྲིས་བྱས་ཚེ་དེའི་མཛའ་གྲོཊ་ཀྱི་འབྲེལ་བ་ཡུན་རིང་དུ་གནས་ཐུབ་ངེས་ཡིན། ལོ་ཟླའི་ཞུན་བརྡར་དང་རྒྱལ་སྤྱིའི་འགྱུར་ལྡོག་གི་ཁྲོད་ནས་ཚོད་བགམ་བྱས་པའི་མཛའ་གྲོཊ་ཀྱི་འབྲེལ་བ་ནི་དེ་བས་རྩ་ཆེ་བ་ཞིག་ཡིན།

“ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱིས་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུའི་རེ་བ་བཅངས་ཡོད་པར་མ་ཟད། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཀྱང་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་རྒྱུའི་རེ་བ་བཅངས་ཡོད”ཅེས་པ་དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་དམིགས་ཡུལ་ཞིག་རེད།

བློ་བརྟན་འགྱུར་མེད་ངང་རང་ཉིད་འཕེལ་རྒྱས་གཏོང་རྒྱུ་མ་ཟད། བློ་ཁོག་ཆེ་རུ་བཏང་ནས་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྐྱིད་ཐད་བསམ་བློ་བཏང་ནས་མཉམ་ལས་གཉིས་ཕན་དར་སྤེལ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱི་བརྩེ་སེམས་དང་ཡིད་དབང་འཕྲོག་ཤུགས་ཡིན་ལ་ཀྲུང་གོའི་ཕྱི་འབྲེལ་གྱི་དྲོ་སྐྱིད་ལྡན་པའི་རྨང་གཞི་ཡང་ཡིན། མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་བཅངས་པའི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཛམ་གླིང་གི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བརྩི་འཇོག་དང་གུས་བཀུར་ཆེན་པོ་ཐོབ་ཡོད།

ཧྥ་རན་སེར་ཀྲུང་གོ་དང་ཧྥ་རན་སེའི་བཟོ་ཚོང་ལས་རིགས་ཀྱི་མི་སྣར་ཕྱོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་གཏིང་ཟབ་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཚེ་ཧྥ་རན་སེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་མཉམ་ལས་མཉམ་ཁེ་གཉིས་ཕན་གྱི་གོ་སྐབས་དེ་བས་མང་བ་ཡོང་རྒྱུ་རེད་ཅེས་ནན་གསུངས་གནང་བ་རེད། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེའི་ཞིང་ར་ནས་ཀྲུང་གོའི་གསོལ་ལྕོག་བར་གྱི་འབྲེལ་ཐག་ཡོངས་ཀྱི་མཐུན་སྦྱོར་གྱི་ལམ་སྲོལ་མུ་མཐུད་མགྱོགས་མྱུར་ངང་བེད་སྤྱོད་ཧུར་ཐག་བྱས་ནས་ཞོ་དང་། ཕག་ཤ་བསྙལ་མ། རྒུན་ཆང་སོགས་ཧྥ་རན་སེའི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ཀྲུང་གོ་མི་དམངས་ཀྱི་གསོལ་ལྕོག་ཐོག་ཐོན་དུ་འཇུག་འདོད་ཡོད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ནི་ཀྲུང་གོ་དང་ཧྥ་རན་སེའི་མི་དམངས་ཀྱི་བསོད་ནམས་ཡིན་ལ་འཛམ་གླིང་མི་དམངས་ཀྱི་བསོད་ནམས་ཀྱང་ཡིན་ཞེས་གསུངས་པ་རེད།

ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་དང་དོན་དངོས་ཀྱི་བྱ་ཐབས་ལ་རྒྱུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོ་བརྡབས་པ་རེད།

ཀྲུང་གོར་ཉེ་བར་བཅར་ནས་འབྱུང་འགྱུར་གཏོད་དགོས། ཏུའོ་ནའོ་གཙང་པོ་དང་ས་ཝ་གཙང་པོ་གཉིས་མཉམ་དུ་འདྲེས་ཡོད་པའི་སེར་ཝེ་ཡར་མི་རྣམས་ཀྱིས་ཀྲུང་གོའི་གོ་སྐབས་ཕུན་སུམ་ཚོགས་པར་དགའ་པོ་བྱེད་པ་དང་གྲོགས་པོ་ངོ་མའི་མཛའ་གྲོགས་དེ་བས་ཤེས་རྟོགས་ཐུབ་ཀྱི་ཡོད། གནམ་ཐང་ནས་ཁྲོམ་གཞུང་བར“ཀྲུའུ་ཞི་ཞི་ཅིན་ཕིང་ལགས། ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་པའི་སྦྱར་ཡིག་ཆེན་པོ་དེ་ནི་སེར་ཝེ་ཡའི་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་མཚོན་ཚུལ་ཞིག་རེད།

ད་ཐེངས་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་སེར་ཝེ་ཡའི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་གོང་མཐོར་གཏོང་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། དངོས་སུ་ནུས་པ་ཐོན་ཉེར་ཡོད་པའི་ཀྲུང་གོ་དང་སེར་ཝེ་ཡའི་རང་མོས་ཚོང་དོན་གྲོས་མཐུན་སྐོར་གླེང་སྐབས་སྲིད་འཛིན་ཝུའུ་ཆི་ཆི་ཡིས“རང་མོས་ཚོང་དོན་གྲོས་མཐུན་གྱིས་ང་ཚོའི་ཞིང་པ་རྣམས་འཕེལ་རྒྱས་འགྲོ་བ་དང་ཀྲུང་གོའི་ཁྲོམ་རར་ཕྱིར་གཏོང་བྱ་རྒྱུར་འགན་ལེན་བྱ་རྒྱུ་ནི་ཇི་འདྲའི་གོ་སྐབས་ཆེན་པོ་ཞིག་རེད། ཀྲུང་གོ་ནི་ང་ཚོའི་གྲོགས་པོ་ངོ་མ་རེད”ཅེས་གསུངས་པ་རེད།

བཟོ་གྲྭ་ཞིག་བསྐྱབས་ཚེ་གྲོང་ཁྱེར་ཞིག་ལ་འགྱུར་ལྡོག་གཏོང་ཐུབ་ལ་མི་དམངས་ལ་བདེ་སྐྱིད་ཀྱང་བསྐྲུན་ཐུབ། སི་མེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭའི་རྣམ་པ་གསར་པར་གྱུར་པའི་སྐོར་གླེང་སྐབས་སྲིད་འཛིན་ཝུའུ་ཆི་ཆི་ཡིས་ཀྲུང་སེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་བྱེད་ཀྱི་ཡོད། ང་ཚོས་ད་དུང་མཉམ་དུ་ལག་གདང་སྦྲེལ་ནས་བྱ་བ་མང་པོ་བསྒྲུབ་རྒྱུ་ཡིན། ང་ཚོའི་མཉམ་ལས་ལ་མཚམས་འཇོག་རྒྱུ་མེད་ཅེས་བཤད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང་དབུ་ལྕོག་ལྕོག་གནང་ཞིང་། ཁོང་གིས་ཕྱོགས་གཉིས་པོས་མཉམ་ལས་བྱས་ནས་རང་སོ་སོའི་འཕེལ་རྒྱས་དར་རྒྱས་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་ཡོད། ཕྱོགས་གཉིས་པོས་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས་སྤུས་ཚད་མཐོ་བའི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོ་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།

པུ་ཏ་ཕེ་སིར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་བློན་ཨོར་པན་གྱིས་ཀྲུང་ཧང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་རྣམ་པ་ཀུན་ཏུ་དུས་རབས་གསར་པའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། སྲིད་བློན་ཨོར་པན་གྱིས་ཧང་ག་རི་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་ཧང་ག་རིར་ལས་ཞུགས་ཐུབ་ནས་དམངས་འཚོ་ལེགས་སུ་ཕྱིན་པས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧང་ག་རིར་མ་འཇོག་མཉམ་ལས་བྱེད་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རི་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་གི་ལས་གྲོགས་ཤིག་ཏུ་འགྱུར་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཧང་ག་རི་ཕྱོགས་ཀྱིས་མུ་མཐུད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས“ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཕན་ཚུན་ལ་གྲུབ་འབྲས་ཐོབ་པའི་སྒོ་ནས་མཉམ་ལས་གཉིས་ཕན་ཡོང་བར་བྱེད་དགོས། སྒོ་དབྱེའི་བློ་རྒྱ་ལ་བརྟེན་ནས་རྒྱལ་ཁབ་ཁག་གདན་འདྲེན་ཞུས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་དང་མཉམ་ལས་ཤུགས་ཆེན་ལ་བརྟེན་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བ་དང་འཛམ་གླིང་གི་མི་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་པ་ཞིག་ཡིན་ཞེས་གསུངས་པ་རེད།

མིག་སྔར། འཛམ་གླིང་གི་ས་གནས་ཁག་ཏུ་ཟང་ཟིང་རྣམ་པ་འབྱུང་བཞིན་ཡོད་པ་དང་། གླེང་མང་བའི་གནད་དོན་རྙོག་འཛིང་ཆེ་ཞིང་ཐག་གཅོད་དཀའ་བ། ཉེན་ཁ་དང་འགྲན་སློང་གཅིག་རྗེས་གཉིས་མཐུད་ངང་འབྱུང་བཞིན་ཡོད། ལོ་བརྒྱའི་འགྱུར་ལྡོག་གི་དུས་དང་བར་སྟོང་གི་རྒྱབ་ལྗོངས་འོག་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་བརྟོལ་མཐོང་བྱས་ཚེ་ད་ཐེངས་ཡོ་རོབ་ཏུ་འཚམས་འདྲིར་ཕེབས་པའི་དུས་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་དོན་སྙིང་ལ་དེ་བས་བསམ་ཤེས་ཐུབ་རྒྱུ་རེད།

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལ་བརྟེན་ནས་དུས་རབས་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་རིང་། ཞི་བདེའི་འཕེལ་རྒྱས་ཀྱི་གནས་ལུགས་དང་། མཉམ་ལས་མཉམ་ཁེའི་ལམ་བུ། དངོས་སྒྲུབ་འགན་འཁུར་བའི་ཐབས་ཇུས་བཅས་ལ་རྒྱས་བཤད་གཏིང་ཟབ་གནང་ནས་གཡོ་འགུལ་ཆེ་བའི་འཛམ་གླིང་ལ་ཡིད་ཆེས་དང་སྟོབས་ཤུགས་རྩ་ཆེན་བསྣན་ནས་མིའི་རིགས་ཀྱི་ཐུན་མོང་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ཀྲུང་གོའི་བློ་གྲོས་དང་ཇུས་གཞི་མཁོ་འདོན་བྱས་ཡོད། དེ་ནི་ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱི་དགོངས་པའི་ཡིད་དབང་འཕྲོག་ཤུགས་ཡིན་ལ་ཀྲུང་གོའི་ཕྱི་འབྲེལ་གྱི་འགན་འཁྲི་འཁུར་ཕོད་པའི་མཚོན་རྟགས་ཀྱང་ཡིན།

ཕ་རི་སིའི་ཀྲུང་ཧྥ་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་མཇུག་འགྲིལ་མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥ་དང་། ཀྲུང་གོ་དང་ཡོ་རོབ་བར་གཉིས་ཁེ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། འབྱུང་འཕྲོད་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་རེ་འབོད་བྱས་པར་ཚོགས་ཞུགས་འཐུས་མི་ཚོས་མོས་མཐུན་གང་ལེགས་བྱས་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་དེ་མིའི་རིགས་ཀྱི་མདུན་ལམ་ལ་དམིགས་པ་དང་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པས་ང་ཚོས་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཡོ་རོབ་དང་ཀྲུང་གོའི་དབར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གང་ལགས་ཤེ་ན། ང་ཚོས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འབྱུང་འགྱུར་སྐྲུན་ཆེད་ཡིན་ཞེས་པར་དམིགས་ནས་ཧྥ་རན་སེའི་ཁེ་ལས་མཁས་ཅན་མི་ཉུང་བ་ཞིག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ཐུན་མོང་གི་མདུན་ལམ་ལ་དམིགས་ཤིང་གནམ་འོག་ལ་བཅངས་པའི་བརྩེ་སེམས་ལ་ཧང་སངས་ཡོད།

སྲིད་འཛིན་ཝུའུ་ཆི་ཆི་ཡིས་སྙིང་ཐག་པ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པར་མ་ཟད། འཛམ་གླིང་མི་དམངས་ལ་ཕན་བདེ་ཡོང་བ་དོན་གཉེར་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་དབུ་ཁྲིད་འོག་ཀྲུང་གོར་འཛམ་གླིང་གིས་དོ་སྣང་ཆེན་པོ་བྱེད་པའི་གྲུབ་འབྲས་ཐོབ་ནས་འཛམ་གླིང་འཕེལ་རྒྱས་དང་ཡར་ཐོན་གྱི་སྒྲོན་མེ་ལྟ་བུར་གྱུར་ཏེ་རྒྱལ་སྤྱིའི་ལས་དོན་ཁྲོད་དབུ་ཁྲིད་ཀྱི་ནུས་པ་གལ་ཆེན་ཉིན་བཞིན་འདོན་སྤེལ་བྱེད་ཀྱི་ཡོད་ཅེས་བསྔགས་བརྗོད་གནང་བ་རེད།

ཧང་ག་རི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་བྱེད་ཀྱི་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་པ་རེད། ཧང་ག་རིའི་སྲིད་བློན་ཨོར་པན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན་ཞིང་། ཁོང་གིས་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཧང་ག་རི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཡང་དག་པའི་ངོས་འཛིན་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་རོགས་ཟླའི་འབྲེལ་བའི་ཡང་དག་པའི་ངེས་གནས་མཐའ་འཁྱོངས་བྱ་རྒྱུར་སྣེ་ཁྲིད་བྱེད་པ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་པར་བྱས་ནས་འཛམ་གླིང་ཞི་བདེ་ཡོང་བའི་ཐད་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་འབུལ་བ། ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་དགོས། ལྷག་བསམ་ཟོལ་མེད་ཀྱི་རེ་འབོད་དང་འགྲེལ་བཤད་གཏིང་ཟབ་ཐེངས་དང་པོ་བྱས་པར་བརྟེན་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དང་ལེན་ཧུར་ཐག་ཐོབ་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་རོབ་ཏུ་འཚམས་འདྲིར་ཕེབས་ནས་ཞི་བདེ་དང་། མཐུན་སྒྲིལ། མཉམ་ལས་བཅས་ཀྱི་ཐད་འབོད་སྐུལ་དྲག་པོ་གནང་ཡོད་པ་དང་། རྒྱལ་ཁབ་ཆེན་པོ་དང་ཏང་ཆེན་པོའི་གཙོ་འཛིན་གྱི་གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་། གནམ་འོག་ལ་བཅངས་པའི་བརྩེ་སེམས། དུས་རབས་ཀྱི་འགན་འཁྲི་བཅས་གང་ལེགས་མཚོན་ཡོད། མཉམ་སྒྲོག་ཟབ་མོ་དང་། ཁས་ལེན་གང་ལེགས་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་ལས་རིགས་གཅིག་པ་བཅས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།

ཀྲུང་གོ་དང་འགྲོ་འོང་མཉམ་ལས་བྱས་པའི་གཏམ་རྒྱུད་དེ་དག་བརྒྱུད་ནས་འཛམ་གླིང་གིས་ཕུགས་འདུན་ཞིག་གི་ཆེད་དུ་འབད་འཐབ་བྱེད་པའི་ཀྲུང་གོ་དང་། ཆུ་བརྒྱ་མཚོ་འདུས་དང་དུས་མཚུངས་མཉམ་སྐྱོད་བྱེད་པའི་ཀྲུང་གོ། མིའི་རིགས་ཀྱི་ཡར་ཐོན་དོན་གཉེར་དང་འཛམ་གླིང་གི་ཆེད་དུ་མཐུན་སྒྲིལ་ཆེན་པོ་དོན་གཉེར་བྱེད་པའི་ཀྲུང་གོ་ཞིག་བཅས་ཤེས་ཚོར་བྱེད་བཞིན་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་འཆར་འགོད་ཀྱི་སྣེ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་སྔར་བས་ངོ་མཚར་ཆེ་བའི་དུས་རབས་ཀྱི་ལེ་ཚན་གསར་པ་རྩོམ་ངེས་ཡིན་པ་དང་། སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཛུཊ་སྐྲུན་དང་མིའི་རིཊ་ཀྱི་ཤེས་དཔལ་སྔར་བས་འོད་སྟོང་ལྡན་པའི་འབྱུང་འགྱུར་གྱི་ཆེད་དུ་ལེཊ་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་ངེས་རེད།

(ཤིན་ཧྭ་གསར་འགྱུར་ཁང་པུ་ཏ་ཕེ་སི་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ)

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 6 6 拉萨日报藏文 c180825.html 1 ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱི་ཡིད་དབང་འཕྲོག་ཤུགས་དང་འགན་འཁྲི། /enpproperty-->