分享按钮

བར་སྐོར་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་དང་བླངས་ཞབས་ཞུ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་བདེ་ཐང་འཚོ་བར་སྟབས་བདེ་སྐྲུན་རྒྱུ་དང་། གྲོང་མིའི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་གཏོང་བ། གྲོང་མི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ། ཞི་མཐུན་ལྡན་པའི་སྡེ་ཁུལ་གྱི་རྣམ་པ་གཏོད་རྒྱུ་བཅས་བྱ་ཆེད། ཉེ་ཆར་བར་སྐོར་སྡེ་ཁུལ་ཏང་ཀྲི་པུས་ཧྲེང་ཅེ་སྨན་བཅོས་སྒོ་བསྟེན་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ་དམངས་ལ་ཕན་པའི་འོས་འགན་སྨན་བཅོས་ཀྱི་དང་བླངས་ཞབས་ཞུ་སྤེལ་ནས་ཐོན་ཁུངས་སྤུས་ལེགས་གྲོང་མིའི་འགྲམ་དུ་བསྐྱལ་བ་དང་། སྡེ་ཁུལ་གྱི་གྲོང་མི་རྣམས་ཀྱིས་ཁྱིམ་གྱི་སྒོ་རྩ་ནས་རིན་མེད་དང་སྤུས་ལེགས་ཀྱི་སྨན་བཅོས་བདེ་སྲུང་གི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ། བདེ་ཐང་ཞབས་ཞུ་ཡག་པོ་ཐོབ་ཐུབ་པར་བྱུང་ཡོད།

བྱེད་སྒོའི་ཁྲོད་སྡེ་ཁུལ་ཏང་ཀྲི་པུས་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་ཕེབས་ནས་དང་བླངས་ཞབས་ཞུའི་གཞི་རྟེན་ཆེན་པོ་བརྒྱད་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་དུས་འགོར“སྒོ་རའི་ནང་བསྐྱོད་དེ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པའི”བྱ་ཐབས་ཐོག་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་སྡེ་ཁུལ་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པའི་བརྡ་ཐོ་བཏང་བ་རེད། བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། སྡེ་ཁུལ་གྱི་ལས་དོན་མི་སྣ་དང་དང་བླངས་པས་གྲོང་མི་མང་ཚོགས་སྒྲིག་འཛུགས་བྱས་ནས་གོ་རིམ་ལྡན་པའི་སྒོ་ནས་བང་བསྒྲིགས་ནས་སྡོད་པ་དང་། ཡུལ་དངོས་ཀྱི་སྨན་བཅོས་མི་སྣས་གྲོང་མི་མང་ཚོགས་ཀྱི་གཟུགས་པོར་བརྟག་དཔྱད་ནན་ཏན་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་བདེ་ཐང་བློ་འདྲི་དང་། ཁྲག་ཤེད་དང་ཁྲག་མངར་ལྟ་ཞིབ་ཚད་ལེན། ཀྲུང་ལུགས་གསོ་རིག་གི་རྩ་བརྟག་ཁུལ་སོགས་བཀོད་སྒྲིག་བྱས་ནས་གྲོང་མིར་རིན་མེད་ཞབས་ཞུ་མང་པོ་མཁོ་འདོན་བྱས་ཡོད་པ་རེད། སྨན་དོན་མི་སྣས་ཆེད་ལས་ཀྱི་ཤེས་བྱ་དང་ངང་རྒྱུད་རིང་པོས་བདེ་ཐང་སྐོར་གྱི་གནད་དོན་བློ་འདྲི་བྱེད་པར་ཡོང་བའི་གྲོང་མི་མང་ཚོགས་ལ་ལན་ཞིབ་ཕྲ་བཏབ་ཡོད། གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་སྡེ་ཁུལ་གྱིས་ཧྲེང་ཅེ་སྨན་བཅོས་སྒོ་བསྟེན་སྨན་ཁང་དང་མཉམ་འབྲེལ་བྱས་ནས་ད་ཐེངས་ཀྱི་རིན་མེད་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བར་ཧ་ཅང་དགའ་པོ་བྱུང་། ཁྱིམ་གྱི་སྒོ་འགྲམ་ནས་སྨན་བཅོས་བློ་འདྲིའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པས་དངོས་གནས་སྟབས་བདེ་པོ་འདུག་ཅེས་བཤད།

ད་ཐེངས་ཀྱི་མཉམ་འབྲེལ་འོས་འགན་སྨན་བཅོས་བྱེད་སྒོས་སྡེ་ཁུལ་གྱི་གྲོང་མིར་ངོ་བོའི་རང་བཞིན་གྱི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱས་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་བརྒྱུད་སྡེ་ཁུལ་གྱི་གྲོང་མིས་བདེ་ཐང་གནད་དོན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་སྡེ་ཁུལ་གྱི་གྲོང་མིའི་བདེ་ཐང་གི་བྱང་ཚད་ཀྱང་སྔར་བས་མཐོ་རུ་ཕྱིན་ཡོད། བར་སྐོར་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ཚུལ་ཁྲིམས་ཀྱིས་སླད་ཕྱིན་སྡེ་ཁུལ་གྱིས་དུས་བཀག་ལྟར་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་བདེ་ཐང་འཚོ་བའི་འདུ་ཤེས་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ལ་སྒོ་འགྲམ་ནས་སྙིང་ཉེ་བ་དང་འཐུས་སྒོ་ཚང་བའི་ཞབས་ཞུ་དངོས་ལོངས་སུ་སྤྱོད་ཐུབ་པར་བྱས་པའི་ཁར་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟབ་ཏུ་གཏོང་རྩིས་ཡོད་ཅེས་བཤད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 6 6 拉萨日报藏文 c180822.html 1 བར་སྐོར་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་དང་བླངས་ཞབས་ཞུ་སྤེལ་བ། /enpproperty-->