分享按钮

གྲོང་ཁྱེར་སྲིད་གྲོས་རིམ་གཉིས་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་པའི་སྲིད་གྲོས་ཀྱིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་དུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་དོན་ཁྲོད་ཀྱི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། སྤེལ་རེས་དང་ལག་བསྟར་བྱས་ནས་མཐོང་རྒྱ་ཆེ་རུ་གཏོང་བ་དང་བསྡུར་སློབ་བསྙེགས་བརྒལ་གྱིས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་ནང་ཁུལ་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས་ཞེས་གསུངས་པ་རེད།

འཇམ་དབྱངས་བློ་གྲོས་ཀྱིས་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་གཙོ་དོན་དུ་བྱས་ཏེ། བསམ་བློའི་ཚན་རིག་མ་ལག་དང་།ནང་དོན་ཕུན་སུམ་ཚོགས་པ།ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། བསམ་བློའི་འཇིག་རྟེན་ལྟ་བ་དང་།བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས། ལྟ་བ། བྱ་ཐབས་བཅས་ལ་གོ་བ་གཏིང་ཟབ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དང་ཞིབ་ཕྲའི་ལས་ཀའི་བླང་བྱར་སློབ་སྦྱོང་ནན་ཏན་བྱེད་པ་དང་སྦྲགས། ལས་དོན་དངོས་ནང་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་གི་སྒྲིག་ཡིག་དང་ཏང་སྲོལ་ཏང་ཁྲིམས་དང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་སྦྱོང་ནན་ཏན་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམ་འཛིན་ནན་པོ་བྱས་ཏེ་ཐབས་དང་ཇུས་འདོན་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད།

འཇམ་དབྱངས་བློ་གྲོས་ཀྱིས་གཅིག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས་སེམས་ལ་འཇགས་པར་བྱེད་དགོས།སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ་དང་།བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་སྦྱོང་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་གསལ་པོ་ཡོང་བར་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་རྒྱུན་གཏན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ།སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་འབྲེལ་གཏུགས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལས་ཀ་བཀོད་སྒྲིག་ལུགས་མཐུན།དམིགས་འབེན་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ།ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱེད་དགོས། གསུམ་ནས་མཐུན་སྦྱོར་སྤྱི་འདོམས་ལ་དམ་འཛིན་ཡག་པོ་བྱས་ཏེ།སྤྱི་ཡོངས་ལ་སྐུལ་འདེད་གཏོང་དགོས།གཏན་འཁེལ་ལས་དོན་མི་འགྱུར་བའི་འགན་ལེན་བྱེད་དགོས་ལ་བསྒྲུབ་རྒྱུར་སྤྲད་པའི་ལས་དོན་བདེ་བླག་ངང་བསྒྲུབ་རྒྱུར་འགན་ལེན་བྱེད་དགོས། བཞི་ནས་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་སྟེ།གསོན་ཤུགས་འཕེལ་བར་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་ལས་ཀའི་ནུས་པ་ཆེ་རུ་བཏང་ནས་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཏེ་ལས་ཁུངས་ཀྱི་ཞབས་ཞུའི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་།ཀྲུའུ་ཞི་གཞོན་པ་ཟླ་བ།ལིའུ་ལེང་།སུང་ལིའུ་ཀྲུའུ། ཧན་ཡུན་ཧྲོན། དྲུང་ཡིག་ཆེན་མོ་ཙོའུ་ཡུས་མིང་དང་ལས་ཁུངས་ཏང་ཙུའུ་ཡི་ཁོངས་མི་སོགས་ཚོགས་འདུར་ཞུགས་ཡོད།

གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་རྫོང་རིམ་པའི་ལས་བྱེད་པ་དང་ཚན་པ་ཁག་གི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་བྱས་ཡོད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 6 6 拉萨日报藏文 c180821.html 1 གྲོང་ཁྱེར་སྲིད་གྲོས་རིམ་གཉིས་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ། /enpproperty-->