(པར་ངོས་དང་པོར་མཐུད)ཧོ་ཕུང་གིས་འདི་ལོ་ནས་བཟུང་གྲོང་ཁྱེར་ཨུ་ལྷན་གྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་དུ་འཛིན་པ།“འཛུགས་གཏོད་བཞིར”དམིགས་པ་དང་། “མདུན་གྲལ་དུ་བསྐྱོད་པ་བཞིར”དམ་འཛིན་བྱེད་པ། “གདོང་དམག་བདུན”ཡག་པོ་བྱེད་པ་བཅས་ལ་དམིགས་ནས་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཐོག་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་མཇུག་འགྲིལ་ཚོགས་འདུ་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་སུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས། འགན་འཁྲི་གཙང་སྒྲུབ་བཅས་བྱས་པས་འདི་ལོའི་དུས་ཚིགས་གོང་མའི་ལས་དོན་ཡར་རྒྱས་ཡག་པོ་བྱུང་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བསྟན་གནང་ཡོད།
ཧོ་ཕུང་གིས་མུ་མཐུད་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་གྲོང་ཨུད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་བླང་བྱ་ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཁག་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2024ལོའི་ལས་དོན་གཙོ་གནད་དོན་འཁྱོལ་ལ་དོ་སྣང་བྱས་ཏེ་འགོ་ཚུགས་ས་མཐོ་བ་དང་། ཚད་གཞི་མཐོ་བའི་ཇུས་འགོད། ནུས་ཆེའི་སྐུལ་འདེད་བཅས་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས་ཁྲིམས་འཛུགས་ལས་འགན་ལེགས་སྒྲུབ་དང་། ལྟ་སྐུལ་དམ་འཛིན་བྱེད་པ། བརྟག་དཔྱད་གཏིང་ཟབ་བྱེད་པ། འཐུས་མིའི་ནུས་པ་མཐོ་རུ་གཏོང་རྒྱུར་དམ་འཛིན་ལྷོད་མེད་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ཁག་ལག་བསྟར་ཏན་ཏིག་བྱེད་པ། གྲོང་ཨུད་ལྟེ་བའི་ལས་དོན་དང་གྲོང་ཁྱེར་ཡོངས་བརྟན་ལྷིང་ངང་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་གསུངས་གནང་ཡོད།
ཧོ་ཕུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་དམ་འཛིན་ནན་ཏན་བྱས་ཏེ་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི“ཐོག་མཐའ་བར་གསུམ་དུ་ལག་ལེན་མཐར་ཕྱིན་བཞིའི”བླང་བྱ་གཞིར་བཟུང་། དཔེ་ཀློག་འཛིན་གྲྭ་དང་། བགྲོ་གླེང་ཚོགས་འདུ། རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་བྱེད་པ། སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་སོགས་ཀྱི་གཞི་རྟེན་བེད་སྤྱོད་གང་ལེགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ཏང་ཡོན་དང་ལས་བྱེད་པར《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལེའུ་རེ་རེ་བཞིན་སློབ་སྦྱོང་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་སུངས་འགོག་པའི་ངེས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པ་དགོས་པའི་བླང་བྱ་བཏོན་གནང་ཡོད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་། ཟླ་བ། འཕྲིན་ལས་དར་རྒྱས། དྲུང་ཆེ་ཧོའུ་ཅིང་ཧྭ་བཅས་ཚོགས་འདུར་ཞུགས་ཤིང་། གྲོང་སྤྱི་གཞོན་པ་བློ་བསྟན་དང་། གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社