分享按钮

ལྷ་ས་གྲོང་ཁྱེར་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཀྲང་ཀྲེང་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བླང་བྱ་སྔར་བས་ཁ་གསལ་དང་། བྱ་ཐབས་ཞིབ་ཕྲ། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་ནགས་བཟོའི་ལས་འགན་སྤུས་ཚད་དང་གྲངས་འབོར་འགན་ལེན་བྱས་ཏེ་ལེཊ་སྒྲུབ་ཐུབ་ཆེད། ཟླ་5ཚེས་10ཉིན་ལྷ་ས་གྲོང་ཁྱེར་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུས་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད།

ཚོཊ་འདུའི་ཐོག ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་འདི་ལོའི་གོ་སྐབས་གལ་ཆེན་དམ་འཛིན་དང་དཔྱིད་དུས་ནཊ་བཟོ་བྱེད་པའི་འགག་རྩའི་གནས་ལ་དམ་འཛིན་བྱས་ཏེ།འདེབས་འཛུཊ་གསབ་འཛུགས་ཀྱི་ལས་དོན་གཏན་འབེབས་དུས་བཀག་ནང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། འགན་འཁྲི་དོན་འཁྱོལ་དང་། སེམས་ཤུཊ་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་བདེ་བླག་ངང་ལག་བསྟར་དང་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་ཡོང་བ་བྱེད་དགོས་པ་དང་། མྱུར་ཚད་མགྱོཊ་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཆུ་གློག་ཤར་གཏོང་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གཏན་འཁེལ་བྱས་པའི་དུས་བཀག་དང་བླང་བྱ་ལྟར་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ། སྤུས་ཚད་འགན་ལེན་དང་ལས་གཞི་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་བར་འགན་ལེན་བྱེད་དགོས་པ། ཕྱུགས་བཀག་ནགས་བཟོའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་ནགས་བཟོའི་དོ་དམ་པར་སྲུང་སྐྱོང་བྱ་རྒྱུར་མཐུན་རྐྱེན་བསྐྲུན་དགོས་པ། ལས་མི་སྤྱོད་པ་ཚད་ལྡན་དུ་བཏང་ནས་བསམ་ངན་གྱིས་གླ་ཕོགས་ཆད་ལུས་དང་། བསམ་ངན་གྱིས་གླ་ཕོགས་ལེན་པ། རྒྱུ་མཚན་མེད་པར་རིན་གོང་སྤར་བ། ངལ་ལས་ཀྱི་ཚུལ་མིན་གྱི་བྱ་སྤྱོད་ལ་བརྟེན་ནས་དངུལ་རག་ཐབས་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་དང་རྡུང་རྡེག་གཏོང་དགོས་པ།ཐོན་སྐྱེད་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་དང་བཅོས་སྒྲིག་བྱེད་ཤུགས་ནན་ཏན་དང་དོན་དངོས་ཀྱི་ཐོག་ནས་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཚོགས་འདུའི་ཐོག《འདེབས་འཛུགས་གསབ་འཛུགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》དང《ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ཐོན་སྐྱེད་བདེ་འཇགས་ལ་གནོད་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ངལ་རྩོལ་ལྟ་ཞིབ་ཡན་ལག་རུ་ཁག་དང་བོད་ལྗོངས་དངུལ་ཁང་ལས་སྒོའི་སྡེ་ཚན་གྱི་འབྲེལ་ཡོད་མི་སྣས་ཡུལ་དངོས་ཀྱི་མི་སྣར་ཞིང་པའི་གླ་ཕོགས་ཆེད་སྤྱོད་རྩིས་ཐོའི་རྣམ་གྲངས་འཛུགས་པ་དང་དེ་བཞིན་མིང་དངོས་ལམ་ལུགས་ཀྱི་ལས་མི་སྤྱོད་པའི་ལས་སྒོའི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཀྲེང་ཚོགས་འདུར་ཞུགས་པ་རེད།(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 ཀྲང་ཀྲེང་ཚོགས་འདུར་ཞུགས་པ། 6 6 拉萨日报藏文 c180818.html 1 ལྷ་ས་གྲོང་ཁྱེར་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ། /enpproperty-->