གྲོང་ཚོ་དང་གྲོང་ལྷན་གྱི་མེ་ཟོན་བདེ་འཇགས་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་གྲོང་མིའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། སྙེ་མོ་རྫོང་གནས་ཡུལ་གྲོང་ཚོའི་གྲོང་མི་བསོད་ནམས་བག་གྲོས་རང་གྲོན་རང་གཏོང་གིས་མེ་གསོད་ཡོ་བྱད་བཅུ་ལྷག་ཙམ་ཉོས་ནས་རིན་མེད་ངང་ཉེ་འཁོར་གྱི་གྲོང་མིར་སྤྲད་དེ་ཚང་མ་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁུར་བ་ཨང་དང་པོར་འགྱུར་བར་བྱས་པ་རེད།
ང་ཁྱིམ་དུ་མེད་པའི་སྐབས་གལ་ཏེ་མེ་ཟོན་ལ་གནོད་པའི་རྐྱེན་ངན་ཐོན་ཚེ་ཁྱེད་ཀྱིས་མེ་ཟོན་ཐག་པ་བཀོག་ནས་ཁུང་བུ་དེ་མེ་ཁུངས་ལ་གཏད་ཚེ་མེ་གསོད་ཐུབ ཁྱེད་ཀྱིས་རྟག་ཏུ་མེ་ལ་བརྟེན་ནས་ཟ་མ་བཟོ་ཡི་ཡོད་པས་འབྲེལ་ཡོད་ཤེས་བྱའི་རྩལ་ནུས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་དགོས།
བསོད་ནམས་བག་གྲོས་ངང་རྒྱུད་རིང་ལ་ཞིབ་ཚཊ་པའི་སྒོ་ནས་བཟའ་ཟླ་ཟླ་སྒྲོན་ལ་མེ་གསོད་ཡོ་བྱད་བེད་སྤྱོད་བྱེད་སྟངས་བསླབས་པ་དང་། བཟའ་ཟླར“དང་ཐོག་ཡར་འགྱོག་པ་དང་། དེ་ནས་མེ་ཟོན་ཐག་པ་འཐེན་པ། སླར་ཡང་མེ་ལ་ཁ་གཏད་པ། མཇུག་ཏུ་མེ་གསོད་དགོས་པའི”སྐོར་བསླབས་པ་དང་སྦྲགས། ད་དུང་བཟའ་ཟླར་ཆུ་དང་། གློག་ འབར་རླང་སོགས་སྤྱོད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་ཤེས་རྟོགས་བྱེད་དུ་བཅུག་ནས་ནང་མིའི་བདེ་འཇཊ་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཁྱིམ་ཚང་གི་བདེ་འཇགས་འགན་ལེན་བྱས་པ་རེད།
བསོད་ནམས་བག་གྲོའི་ཁྱིམ་ཚང་གིས་ད་དུང་ཁྱིམ་ཆས་བཟོ་གྲྭ་ཞིག་གཉེར་སྐྱོང་བྱེད་བཞིན་ཡོད་ལ། བཟོ་གྲྭའི་ནང་གི་ཐོན་སྐྱེད་ལས་ཀ་གཙོ་བོ་བུ་ཚེ་གྲུབ་ཀྱིས་འགན་འཁུར་གྱི་ཡོད། ཐོན་སྐྱེད་འཁོར་ཁང་དང་།མཛོད་ཁང་།ཚོན་རྩི་གཏོང་སའི་ཁང་པ་སོགས་གཙོ་གནད་ཐོན་སྐྱེད་བྱེད་སར་སྐྱོད་སྐབས་ཁྱིམ་ཆས་དང་ཤིང་ཆ་ཁག་བགོས་ནས་བཞག་ཡོད་པ་མཐོང་རྒྱུ་ཡོད། མེ་གསོད་ཡོ་བྱད་ཚད་ལྡན་ངང་བཞག་པ་དང་། གློག་སྐུད་ཁྲིད་ས་བདེ་འཇགས་ཡིན་པ།ཐོན་སྐྱེད་ཀྱི་སྒྲིག་ཆས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པས་བདེ་འཇགས་ལ་གནོད་པའི་རྐྱེན་ངན་མཐོང་རྒྱུ་མེད་པ་རེད།ཚེ་གྲུབ་ཀྱིས་ལས་ཀ་བྱེད་སྐབས་ང་ཚོས་མང་ཆེ་བ་འཕྲུལ་ཆས་སྤྱོད་ཀྱི་ཡོད་པས་ལས་འགོ་མ་ཚུགས་གོང་གློག་སྐུད་ལ་ཞིབ་བཤེར་བྱས་ནས་ཐོན་སྐྱེད་བདེ་འཇགས་ཐད་འགན་ལེན་བྱེད་བཞིན་ཡོད་ཅེས་བཤད།
དུད་སྦྲེལ་དཔོན་ཡིན་པའི་བསོད་ནམས་བག་གྲོ་རྟག་ཏུ་མང་ཚོཊ་ཀྱི་ཁྱིམ་དུ་བསྐྱོད་དེ་མེ་གསོད་ཡོ་བྱད་སྤྲོད་པ་དང་།དམར་ཁྲིད་བྱེད་པ།ངོ་ཐུག་གདོང་འཕྲད་ངང་སློབ་པ་བཅས་ཀྱི་ཐབས་ལམ་བརྒྱུད་མང་ཚོགས་ཀྱི་བདེ་འཇགས“མཁར་རྫོང”སྔར་བས་བརྟན་དུ་བཏང་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་ཀྱི་ཡོད་པ་རེད།
སྙེ་མོ་རྫོང་གནས་ཡུལ་གྲོང་ཚོའི་གྲོང་མི་ཀརྨ་རབ་རྒྱས་ཀྱིས་ད་ཆ་ཁྱིམ་དུ་གློག་ཆས་མང་པོ་བེད་སྤྱོད་བྱེད་ཀྱི་ཡོད་པས་མེ་སྐྱོན་ལ་གནོད་པའི་རྐྱེན་ངན་ཐོན་སླ་པོ་ཡོད་རྐྱེན།བསོད་ནམས་བག་གྲོས་ང་ཚོར་མེ་གསོད་ཡོ་བྱད་སྟེར་བ་མ་ཟད། ད་དུང་མེ་གསོད་ཡོ་བྱད་གང་འདྲ་བྱས་ནས་སྤྱོད་དགོས་མིན་ཐད་དམར་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་རྒྱུན་ང་ཚོས་ངེས་པར་དུ་མེ་གསོད་ཡོ་བྱད་བེད་སྤྱོད་བྱེད་སྟངས་ཁོང་དུ་ཡག་པོ་ཆུད་པར་བྱས་ནས་ཁྱིམ་ཚང་གི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བཤད།
ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁུར་བའི་འགན་འཁུར་ཆེད། བསོད་ནམས་བག་གྲོས་རང་ཉིད་ཏང་ཡོན་རྒན་གྲས་ཤིག་ཡིན་པའི་ངོས་ནས་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ཐོན་པར་བྱས་ཏེ་རང་ཁྱིམ་གྱི་བཟོ་གྲྭར་དོ་དམ་ཡག་པོ་བྱེད་པ་དང་སྦྲགས། མུ་མཐུད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ཆེད།ནུས་ཤུཊ་གང་ཡོད་འདོན་དགོས་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
བསོད་ནམས་བག་གྲོས་མེ་གསོད་ཡོ་བྱད་ཉོས་རྗེས་ངས་ཤང་མངགས་གཏོང་ཁང་ལ་སྙན་སེང་ཞུས་པ་དང་སྦྲཊ། མེ་གསོད་ཡོ་བྱད་ཚད་ལོན་མིན་དང་བེད་སྤྱོད་ཐུབ་མིན་ཐད་བཀའ་འདྲི་ཡང་ཞུས་པ་ཡིན། མངཊ་གཏོང་ཁང་གིས་ཚད་ལོན་འདུག་ཞེས་བཤད་པ་དང་ང་དུད་ཚང་མི་རེ་ངོ་རེར་སྐྱེལ་བར་ཕྱིན་པ་དང་། བེད་སྤྱོད་བྱེད་སྟངས་བསླབས་པས་ཚང་མའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社