分享按钮

སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ཀུན་ཕན་དངུལ་རྩའི་སྐུལ་འདེད་ཟླ་བའི”བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བོད་ལྗོངས་ལྟ་སྐུལ་དོ་དམ་ཅུས་ཀྱི་མཛུབ་ཁྲིད་འོག སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ཀུན་ཕན་དངུལ་རྩའི་ཞབས་ཞུ། ཁེ་ལས་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ”ཅེས་པ་གཙོ་དོན་དུ་བྱས་ཏེ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7ལ“ཀུན་ཕན་དངུལ་རྩའི་སྐུལ་འདེད་ཟླ་བའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་ཀུན་ཕན་དངུལ་རྩའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

“ཀུན་ཕན་དངུལ་རྩའི་སྐུལ་འདེད་ཟླ་བའི”བྱེད་སྒོ་སྤེལ་རིང་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཆེད་དོན་ལས་དོན་ཚོཊ་ཆུང་བཙུགས་པ་དང་། ཆེད་དོན་ལས་དོན་ཇུས་གཞི་བཟོས་ནས་དམིགས་ཚད་ལས་འགན་དང་འགན་འཁྲིའི་ལས་བགོས་ཁ་གསལ་བཟོས་ཏེ། ཡུལ་དངོས་སུ་འཚམས་འདྲི་དང་། བརྟག་ཞིབ། སྲིད་དངུལ་འབྲེལ་མཐུད་སོགས་ཀྱི་བྱེད་སྒོ་སྣ་ཚོགས་བརྒྱུད་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་དང་། ཀུན་ཕན་དངུལ་བུན་ཐོན་རྫས་ཁྱབ་གདལ་དུ་བཏང་སྟེ་ཞབས་ཞུའི་ཉམས་ལེན་ལེགས་སུ་བཏང་བ་དང་། ཞབས་ཞུའི་ལས་ཕྱོད་ཆེ་རུ་བཏང་བ། ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་ཐོབ་སྣང་དང་བློ་ཡིད་ཚིམས་ཚད་མཐོ་རུ་བཏང་ཡོད་པ་དང་སྦྲཊ། སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཕྱོཊ་མང་གྲངས་གཞིའི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་པ་དང་། འཛད་སྤྱོད་པའི་ཚོགས་པ་དབྱེ་ནས་ཞིབ་ཚགས་ཅན་གྱི་འདྲ་རིས་བཟོས་ཏེ་འཛད་སྤྱོད་པའི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་གནད་ལ་འཁེལ་པོའི་སྒོ་ནས་རྒྱུས་ལོན་དང་། དྲ་ཐོག་གི་ཐབས་ལམ་མང་བའི་ལངས་གཟུཊ་རྣམ་པའི་ཚོང་གཉེར་དྲ་རྒྱ་བཙུགས་ནས་འཛད་སྤྱོད་པའི་དབར་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་གཏུག་ཐུབ་པ་བྱས་ཡོད། སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ད་དུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཁེ་ལས་ཀྱི་མིང་ཐོ་དཀར་པོའི་ནང་གི་ཁེ་ལས་881བཏོན་པ་དང་། རང་འགུལ་ངང་ཡིད་ཆེས་ཐོབ་པར་དངུལ་གྲངས་སྒོར་དུང་ཕྱུར་12.33བཏང་ཡོད།དྲ་ཐོག་ནས་བདག་སྤྲོད་དང་རིག་ནུས་ཀྱིས་དངུལ་སྤྲད་པར་ཞིབ་མཆན་བཀོད་པ་བརྒྱུད་མཁོ་མཁན་ལ“སྐར་ཆ་རེར་ཆོག་མཆན་སྤྲད་པའི”ཞབས་ཞུ་མཁོ་འདོན་བྱས་ནས་མཁོ་མཁན་གྱི་ཉམས་ལེན་དང་གཉེར་སྐྱོང་ཕན་ནུས་སྔར་བས་ཆེ་རུ་བཏང་ཡོད། བྱེད་སྒོའི་ནང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་ལྷ་ས་གྲོང་ཁྱེར་ཉིང་ལག་དངུལ་ཁང་གླིང་ཁུལ་དུ་བསྐྱོད་དེ་ཡུལ་དངོས་སུ་དྲིལ་བསྒྲགས་དང་།ཁེ་ལས་རེ་རེ་བཞིན་འཚམས་འདྲི་བྱས་པ་བརྒྱུད་གླིང་ཁུལ་དང་དེ་བཞིན་གླིང་དུ་ཞུགས་པའི་དུད་ཚང་གི་དངུལ་རྩའི་དགོས་མཁོ་སྣ་ཚོགས་ཤེས་རྟོགས་གང་ལེགས་བྱས་ནས། དུད་ཚང་རེ་རེར་ཐབས་ཇུས་རེ་རེ་བཏོན་ཡོད་པའི་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུའི་ཇུས་གཞི་མཁོ་འདོན་བྱས་ཡོད་པ་རེད།

ཤེས་རྟོཊ་བྱུང་བར་གཞིགས་ན། 2024ལོའི་དུས་ཚིགས་དང་པོར་སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་བུན་སྒོར་དུང་ཕྱུར་7.1བཏང་བ་དང་། མཁོ་མཁན་དུད་ཚང་340ལ་ཞབས་འདེགས་ཞུ་བ། དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་200ལྷག་ཙམ་བཏང་བ་བཅས་ཀྱི་ཐོག་ནས་སྤྱི་འབོར་ཆེ་བ་དང་། མཁོ་མཁན་མང་བ། ཆ་སྙོམས་ཀྱི་དུད་ཚང་ཉུང་བ་བཅས་ཀྱི་ཀུན་ཕན་ཁྱད་ཆོས་མངོན་ཡོད་པ་རེད། 2024ལོའི་ཟླ་4པའི་ཟླ་མཇུག་བར། སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་བུན་བཏང་བར་ཁྱོན་སྒོར་དུང་ཕྱུར་23.98ཟིན་པ་དང་།འཕར་ཚད་བརྒྱ་ཆ་25.34ཟིན་ནས་དངུལ་བུན་ཁག་གི་འཕར་ཚད་བརྒྱ་ཆའི་གྲངས་8.64ལས་བརྒལ་ཡོད་པ་རེད།

སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཀུན་ཕན་དངུལ་རྩའི་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་ཚེ་རིང་བསམ་གྲུབ་ཀྱིས“ཐེངས་འདིའི‘ཀུན་ཕན་དངུལ་རྩའི་སྐུལ་འདེད་ཟླ་བའི’བྱེད་སྒོ་གོ་སྐབས་སུ་བྱས་ནས་སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་དྲ་ཚུགས་དང་། མ་དངུལ། དྲ་རྒྱ། ཞིབ་མཆན་འགོད་པ། ཐོན་རྫས་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས‘སྲིད་ཇུས་ལ་བླང་བྱ་ཡོད་པ་དང་། མཁོ་མཁན་ལ་དགོས་མཁོ་ཡོད་པ། སྦྲག་སྲིད་གསོག་འཇོག་ལ་བྱ་སྤྱོད་ཡོད་པ’བཅས་ཧུར་ཐག་བྱས་ཏེ་ཐབས་ལམ་དང་རྣམ་པ་མང་པོའི་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་པ་དང་ཁེ་ལས་ཆུང་གྲས་གཉེར་སྐྱོང་པས་ཀུན་ཕན་དངུལ་རྩའི་སྲིད་ཇུས་ཤེས་རྟོཊ་ཐུབ་ཚད་མཐོ་རུ་གཏོང་རྒྱུ་དང་དཀའ་གནད་ཐག་གཅོད་དང་།འགག་གནད་སེལ་བ།རྐྱེན་ངན་སེལ་བ་བཅས་བྱས་ཏེ་གཉེར་སྐྱོང་བྱེད་པོ་དང་རྒྱ་ཆེའི་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐ་དག་སེལ་ཐུབ་པར་བྱ་རྒྱུ་ཡིན”ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 6 6 拉萨日报藏文 c180817.html 1 སྦྲག་སྲིད་གསོག་འཇོག་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ཀུན་ཕན་དངུལ་རྩའི་སྐུལ་འདེད་ཟླ་བའི”བྱེད་སྒོ་སྤེལ་བ། /enpproperty-->