分享按钮

(པར་ངོས་དང་པོར་མཐུད)དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་སྐུལ་འདེད་ཚོགས་འདུ་ཟླ་5ཚེས་11ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཏིང་ཤུའེ་ཞང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། འཐབ་ཇུས་ཀྱི་ངོ་བོ། དམངས་འཚོའི་ངོ་བོ་བཅས་ལ་དམ་འཛིན་ནན་པོ་བྱེད་པ། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དེ་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་གལ་ཆེན་ནང་གི་འགངས་ཆེན་ཏུ་བརྩི་བ། དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཁྲིད་སྟོན་བྱེད་པ། དུས་རབས་གསར་པའི་རླབས་ཆེའི་ལག་ལེན་ལ་གཞི་ཚུགས་པ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་རྒྱུན་ཆད་མེད་པ་གཏོང་བ་བཅས་བྱས་ཏེ། ཏང་གི་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་རྒྱུན་འཛིན་པ་ཡོད་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།

ཏིང་ཤུའེ་ཞང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སློབ་གསོའི་འགན་འཁྲིར་དམ་པོར་དམིགས་ནས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལྟེ་བའི་ནང་དོན་བྱེད་པའི་སློབ་ཚན་སློབ་གཞིའི་མ་ལག་གང་མགྱོགས་བཙུགས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུཊ་ཀྱི་གྲུབ་འབྲས་གསར་ཤོས་མི་སེམས་ལ་འཇགས་རྒྱུར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེའི་སློབ་གསོའི་སྐུལ་ལྕག་ནུས་པ་འདོན་སྤེལ་གང་ལེགས་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། དུས་རབས་གསར་པའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་སློབ་མར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་རྟོགས་པར་ཁྲིད་སྟོན་བྱེད་དགོས། “བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ”ལ་བརྟེན་ནས་ཁྱོན་ཡོངས་ནས་མི་གསོ་སྐྱོང་བྱེད་པའི་རྣམ་པ་གསར་པ་རྒྱ་ཆེར་གཏོང་བ་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆུང་གྲས་དང་སྤྱི་ཚོགས་ཀྱི་སློབ་ཚན་ཆེན་པོ་ཟུང་འབྲེལ་བྱས་ཏེ། སློབ་མས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དེ་བས་ལེགས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གོམ་པ་རིམ་བགྲོད་དང་། ཡར་འགྲོའི་སྒོ་ནས་སློབ་ཚན་གྱི་དམིགས་འབེན་ཇུས་འགོད་བྱེད་པ། སློབ་མའི་བསམ་བློ་དང་། སློབ་སྦྱོང་། འཚོ་བའི་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ཏེ། སློབ་མས་ཉན་དགའ་བ་དང་། སྦྱོང་དགའ་བ། གོ་བ་ལེན་ཐུབ་པ། ཁོང་དུ་ཆུད་པ་བཅས་ཡོང་བར་བྱེད་དགོས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་ཁག་འཛུཊ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སློབ་ཁྲིད་སྔོན་ལ་འཇོག་པའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། དགེ་རྒན་གྱི་གནས་བབ་དང་ཐོབ་ཐང་འགན་ལེན་གྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། ས་གནས་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། ལས་དོན་དོན་འཁྱོལ་བྱེད་པར་དམ་འཛིན་ནན་པོ་བྱས་ཏེ། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་། རྒྱལ་ཁབ་རིག་དངོས་ཅུས། པེ་ཅིང་གྲོང་ཁྱེར། ཧྥུ་ཅན་ཞིང་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ཧྥུ་ཏན་སློབ་ཆེན། བྱང་ཤར་དགེ་འོས་སློབ་ཆེན་གྱི་ཞོར་གཏོཊ་སློབ་འབྲིང་། ཁྲང་ཧྲ་གྲོང་ཁྱེར་ཡུས་དབྱིན་སློབ་ཆུང་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ལི་ཀན་ཅེ་དང་། ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ཡོད།

ཀྲུང་དབྱང་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན། བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཕུལ་བྱུང་དགེ་རྒན་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད།

ཚོགས་འདུ་མ་འཚོགས་གོང་། ཏིང་ཤུའེ་ཞང་པེ་ཅིང་ཚན་རྩལ་སློབ་ཆེན་དང་། པེ་ཅིང་གྲོང་ཁྱེར་གྱི་སློབ་འབྲིང་ཨང་159པར་བརྟག་ཞིབ་གནང་བར་ཕེབས་པ་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དྲ་ཐོག་དྲ་ཕྱིའི་མཉམ་སྡེབ་སློབ་ཚན་གྱི་གྲ་སྒྲིག་གནས་ཚུལ་ཐད་མཁྱེན་རྟོགས་གནང་བ་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཡུལ་དངོས་ཀྱི་སློབ་ཁྲིད་གསན་གནང་བ། དགེ་སློབ་ཚོ་དང་སྤེལ་རེས་བཅས་གནང་བ་རེད།(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 6 6 拉萨日报藏文 c180816.html 1 /enpproperty-->