ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གཙོ་དོན་ཤིང་འཛུགས་བྱེད་སྒོ་སྤེལ་ཞིང་། སློབ་གྲྭར་ཡོད་པའི་སློབ་མ་སྒྲིག་འཛུགས་བྱས་ཏེ་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་དུ་ཤིང་འཛུགས་ནཊ་བཟོའི་ངལ་རྩོལ་སློབ་གསོའི་བྱེད་སྒོའི་ནང་ཞུགས་སུ་བཅུག་སྟེ། བྱ་སྤྱོད་ངོ་མའི་ཐོག་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། སློབ་གྲྭ་དེའི་དགེ་རྒན་གྱིས་སློབ་གྲོགས་ཚོར་ཤིང་འཛུགས་ཀྱི་གཞི་རྩའི་གནས་ཚུལ་དང་ཤིང་འཛུགས་ཀྱི་གཙོ་གནད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་།དགེ་རྒན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག་ཚང་མས་ཁྱེམ་དང་འཇོར་སོགས་ཡོ་བྱད་ཁྱེར་ནས་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་ཤིང་།ལ་ལས་ས་དོང་འདྲུ་བ་དང་། ལ་ལས་ཤིང་སོན་དབོར་བ། ལ་ལས་ཆུ་རྒྱག་པ། ཕན་ཚུན་གཞོགས་འདེགས་བྱས་ནས“དཀའ་སྡུག་མྱོང་ཐུབ་པ་དང་། དམག་འཁྲུག་བྱེད་ཕོད་པ། བཟོད་བསྲན་ཐུབ་པ། མཐུན་སྒྲིལ་བྱེད་ཐུབ་པ། ལེགས་སྐྱེས་འབུལ་ཐུབ་པ”བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱས་པ་དང་། དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད་ཤིང་སོན་དག་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། སློབ་མ་ཚོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པའི་འདུ་ཤེས་ལག་ལེན་བསྟར་བ་དང་སྦྲཊ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱང་སྔར་བས་ཉམས་ལེན་གཏིང་ཟབ་བྱས་ཏེ་ལག་ལེན་གྱི་ཐོག་ནས་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད་པ་རེད།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་གྲངས་གཞི་ཆེན་མོ་དང་རྩིས་གཉེར་ཆེད་ལས་ཀྱི་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་ཏའོ་ཡུས་ཞའོ་ཡིས་སློབ་གྲྭས་ང་ཚོ་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་དེ་ཧ་ཅང་ཡག་པོ་འདུག ཤིང་འཛུགས་བྱེད་སྒོས་ང་ཚོའི་ལག་ལེན་གྱི་ནུས་པར་སྦྱོང་བརྡར་ཐེབས་པར་མ་ཟད། ཚང་མས་དཀའ་སྡུག་མྱངས་ཐུབ་པའི་སྙིང་སྟོབས་དེ་བས་དར་སྤེལ་བཏང་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་དེ་བས་ཤེས་རྟོགས་བྱུང་ཞེས་བཤད།
བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་དང་།བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཀྲང་ཨའེ་ཕིང་གིས་ང་ཚོས་ཐེངས་འདིའི་ངལ་རྩོལ་སློབ་གསོའི་བྱེད་སྒོ་སྤེལ་བ་ནི་སྲོལ་རྒྱུན་རྒྱུན་འཛིན་བྱེད་སྟངས་ཤིག་ཡིན་ལ་སློབ་ཁྲིད་བྱེད་སྟངས་ཤིག་ཀྱང་ཡིན། ང་ཚོས་ངལ་རྩོལ་སློབ་གསོའི་བྱ་ཐབས་དེ་འདྲ་ཞིག་ལ་བརྟེན་ནས་ཕྲུ་གུ་ཚོར་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ནང་དཀའ་སྡུག་དང་བཟོད་བསྲན་དངོས་འབྲེལ་མྱོང་ཚོར་ཐུབ་པར་བྱས་ཏེ། ཁོང་ཚོའི་སེམས་ནང་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་ཡིན་པ་ཚོར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་གཙོ་དོན་དུ་བྱས་ནས་སློབ་གསོ་དང་སློབ་ཁྲིད་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། རྟེན་གཞིར་ཤིང་འཛུགས་ནགས་བཟོ་བྱེད་པའི་བྱེད་སྒོ་སྤེལ་བ་བརྒྱུད་དགེ་སློབ་རྣམས་ཀྱིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དངོས་སུ་ཉམས་ལེན་ཐུབ་པ་དང་།བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་ཆེད། རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社