分享按钮

ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱི་ཡིད་དབང་འཕྲོག་ཤུགས་དང་འགན་འཁྲི།

ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོར་འགྱུར་ལྡོག་འགྲོ་བཞིན་ཡོད། ཀྲུང་གོའི་ཕྱི་འབྲེལ་གྱི་འགྲོ་ལམ་གསར་པ་ཞིག་སླར་ཡང་འགོ་ཚུགས་ཡོད།

ཉིན་ལྔ་དང་དགོང་མོ་དྲུག་གི་རིང་། རྒྱལ་ཁབ་གསུམ་དང་ས་ཆ་བཞིར་ཕེབས་ནས་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གནང་ཞིང་། ཕྱོགས་གཉིས་དང་ཕྱོགས་མང་གི་བྱེད་སྒོ་བཅུ་ཕྲག་ཁ་ཤས་ལ་ཞུགས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་རོབ་ཏུ་ཕེབས་པར་ཡིད་དབང་འཕྲོག་ཤུགས་ཀྱི་རྣམ་པས་ཡོངས་སུ་ཁེངས་ཤིང་། སྐད་ཅིག་ཙམ་གྱི་བག་ཆགས་ཟབ་མོ་བཞག་སྟེ་ཕྱི་འབྲེལ་གྱི་གཏམ་རྒྱུད་ཡག་པོ་བརྩམས་ཡོད།

དཔྱིད་ཀའི་ཡུལ་ལྗོངས་ཀྱིས་ལྷག་ཏུ་མཛེས་པར་བརྒྱན་པའི་སེ་ན་གཙང་པོའི་འགྲམ་ནས་དུང་ལྟར་དཀར་བའི་པི་ལི་ཉིའུ་སིའི་རི་རྒྱུད་བར་དང་། སྤྲོ་སེམས་འཁོལ་བའི་པར་ཀན་ཕྱེད་གླིང་ནས་ཉི་འོད་རྣམ་པར་བཀྲ་བའི་པུ་ཏ་ཕེ་སིའི་བར་སྤྲོ་སེམས་དང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་བཅངས་པ་ཚོར་ཐུབ།

ས་ཕྱོཊ་གང་དུ་སླེབས་ཀྱང་བཀོད་སྒྲིག་ཞིབ་ཚཊ་བྱས་ཡོད་པ་དང་། སྣང་བ་སྐྱིད་པའི་གནས་ཚུལ་རེ་རེ་ལས་ཀྲུང་གོ་དང་འཚམས་འདྲིར་ཕེབས་མཁན་རྒྱལ་ཁབ་དབར་གྱི་མཛའ་གྲོཊ་ཀྱི་འབྲེལ་བ་གཏིང་ཟབ་པ་མཚོན་ཐུབ་པར་བྱས་ཏེ་འཛམ་གླིང་ལ་ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱི་ཡིད་དབང་འཕྲོག་ཤུགས་དང་འགན་འཁྲི་འཁུར་ཕོད་པ་བདེན་དཔང་བྱེད་དུ་བཅུག་ཡོད།

ལྷག་བསམ་རྣམ་དག་གིས་ཕན་ཚུན་འབྲེལ་འདྲིས་དང་། མི་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཛའ་བརྩེ་དང་དྲང་བདེན་ལ་མཐོང་ཆེན་བྱེད་པ། ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་ཡོང་བར་བྱེད་པ་བཅས་ནི་ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་མི་གཤིས་ཀྱི་ཡིད་དབང་འཕྲོག་ཤུགས་ཡིན་ལ་ཀྲུང་གོའི་ཕྱི་འབྲེལ་གྱི་གཤིས་རྒྱུད་མངོན་པ་ཞིག་ཀྱང་ཡིན།

ཉི་སིའི་མཚན་མོ་ནས་ཡུས་ཡོན་གྱི་ཇ་གསེང་གླེང་མོལ་དང་། སུང་ཡོན་གྱི་མཇལ་འཕྲད་ནས་ད་ཐེངས་ཀྱི་ས་ཚིཊ་གླེང་མོལ་བར།། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སེའི་སྲིད་འཛིན་མ་ཁེ་ལུང་གཉིས་ཀྱིས་ཐུན་མོང་མ་ཡིན་པའི་མཉམ་འགུལ་རབ་དང་རིམ་པའི་ཁྲོད་ཕན་ཚུན་ཤེས་རྟོཊ་ཟབ་ཏུ་བཏང་བ་དང་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་མཛའ་གྲོཊ་ཟབ་ཏུ་བཏང་བའི་གཏམ་རྒྱུད་ཡག་པོ་མུ་མཐུད་བརྩམས་ཡོད།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 6 6 拉萨日报藏文 c180811.html 1 ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱི་ཡིད་དབང་འཕྲོག་ཤུགས་དང་འགན་འཁྲི། /enpproperty-->