分享按钮

གྲོང་ཨུད་ཀྱི་སྐོར་ཞིབ་བཅོས་སྒྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་10ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་སྐོར་ཞིབ་བཅོས་སྒྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཨུད་ཀྱི་སྐོར་ཞིབ་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི《རང་གྲོང་གི་སྐོར་ཞིབ་བྱ་ཡུལ་ཚན་པའི་སྐོར་ཞིབ་ཚུར་ལན་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ》བརྡ་ཁྱབ་བཏང་བ་དང་། སྣེ་ཁྲིད་ཚན་པ་ཁག་དང་། རྫོང(ཆུས)བྱེད་ནུས་ཁུལ་བཅས་ཀྱིས་སྐོར་ཞིབ་ཚུར་ལན་གྱི་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་རྣམས་རིམ་པ་ལྟར་སྙན་སེང་ཞུས་པ་རེད།

ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གི་ངོས་འཛིན་སླར་ཡང་མཐོ་རུ་བཏང་ནས་བཅོས་སྒྲིག་ལེགས་བཅོས་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-13 ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c180810.html 1 གྲོང་ཨུད་ཀྱི་སྐོར་ཞིབ་བཅོས་སྒྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ། /enpproperty-->