分享按钮

ཀརྨ་དགོན་གསར་སྡེ་ཁུལ་གྱིས་འོས་འགན་སྨན་བཅོས་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་ཀརྨ་དགོན་གསར་སྡེ་ཁུལ་གྱིས་བོད་ལྗོངས་ཡ་པོ་ཧྲི་ཁ་སྦུག་སྨན་ཁང་ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱས་ཏེ།དྲ་མིག་ལས་དོན་པ་དང་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་། མི་ཧྲེང་རྒན་རྒོན། གཞིས་ལུས་བྱིས་པ་སོགས་གཙོ་གནད་མི་ཚོགས་ལ་འོས་འགན་སྨན་བཅོས་ཀྱི་དང་བླངས་ཞབས་ཞུ་བྱས་པས་སྡེ་ཁུལ་གྱི་དྲ་མིག་ཅན་14ཡི་ཁྱབ་ཁོངས་སུ་ཚུད་པའི་རྒན་རྒོན་དང་བྱིས་པ་མི་50ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

བྱེད་སྒོའི་ཁྲོད་བོད་ལྗོངས་ཡ་པོ་ཧྲི་ཁ་སྦུག་སྨན་ཁང་གི་སྨན་པས་ཁ་སྦུག་བདེ་ཐང་གི་ཤེས་བྱ་འཆད་ཁྲིད་བྱས་པ་དང་འབྲེལ་ཚང་མར་སོ་འཁྲུད་སྟངས་བསླབས་ནས་ཁ་སྦུག་བདེ་སྲུང་གི་ཤེས་བྱ་ཁྱབ་གདལ་བཏང་བ་དང་།ཚང་མར་ཚན་རིག་དང་མཐུན་པའི་སོ་འཁྲུད་སྟངས་གསོ་སྐྱོང་བྱས་ཡོད། དེ་རྗེས་སོ་དང་ཁ་སྦུག་བདེ་ཐང་ལ་བརྟག་དཔྱད་བྱེད་པའི་འོས་འགན་སྨན་བཅོས་བྱེད་སྐབས།ཁ་སྦུག་བདེ་ཐང་གི་གནད་དོན་སྣ་ཚོགས་ལ་གཞིགས་ནས་སྨན་དོན་མི་སྣས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་དང་།རྒན་རྒོན་ལ་ཆེད་ལས་ཀྱི་སྨན་བཅོས་གྲོས་འགོ་བཏོན་ནས་ཚང་མའི་ཁ་སྦུག་བདེ་ཐང་གི་འདུ་ཤེས་ཟབ་ཏུ་བཏང་བས་རྒྱ་ཆེའི་རྒན་རྒོན་ཚོའི་དགའ་བསུ་ཐོབ་ཡོད།

ཀརྨ་དགོན་གསར་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་དབང་མོ་སྒྲོལ་མས་ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བརྩིས་ནས་བྱ་ཐབས་གསར་གཏོད་རྒྱུན་ཆད་མེད་པར་བྱས་ཏེ། རྒན་རྒོན་དང་བྱིས་པའི་གཙོ་གནད་མི་ཚོགས་ལ་དམིགས་ནས་ཞབས་ཞུ་དེ་བས་མང་བ་བསྒྲུབ་རྒྱུ་ཡིན།ཕྱིས་འབྱུང་རྣམ་པ་སྣ་ཚོགས་ཀྱི་དམངས་ཕན་ཞབས་ཞུ་མུ་མཐུད་སྤེལ་ནས་རྒན་རྒོན་དང་བྱིས་པའི་ཚོགས་སྤྱིར་ཞབས་ཞུ་དེ་བས་ལེགས་པར་བསྒྲུབས་ཏེ་ཁོང་ཚོའི་དཀའ་ངལ་ཐག་གཅོད་དང་།མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་གོང་མཐོར་གཏོང་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-12 6 6 拉萨日报藏文 c180805.html 1 ཀརྨ་དགོན་གསར་སྡེ་ཁུལ་གྱིས་འོས་འགན་སྨན་བཅོས་བྱས་པ། /enpproperty-->