分享按钮

(པར་ངོས་གཉིས་པར་མཐུད)རྫོང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་དང་རྫོང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གསོ་སྦྱོང་ཁྱིམ་དུ་སྤེལ་བ་དང་། གསོ་སྦྱོང་སྒོ་འགྲམ་དུ་སྤེལ་བ།གཅིག་སྡུད་སྒྲོག་འགྲེལ་བཅས་ཀྱི་རྣམ་པ་དང་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་ནང་དོན་ཟུར་ཁྲིད་ཐེངས་10ལྷག་ཙམ་བྱས་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ནང་དོན་གཏིང་ཟབ་ཏུ་བཏང་བ། རྫོང་ཨུད་ཏང་གི་སློབ་གྲྭས《ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གསོ་སྦྱོང་གི་འཆར་གཞི》བཟོས་པ། རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ལྟ་ཞིབ་ཁང་གི་ཀྲུའུ་རེན། རྫོང་ཨུད་ཀྱི་རྒྱུན་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བཅས་ཀྱིས་སྒྲིག་ཁྲིམས་སྐོར་གྱི་ཏང་གི་སློབ་ཚན་གྱི་མཉེན་ཆས་བཟོས་ནས་སློབ་ཁྲིད་བཅས་བྱས་ཡོད།

ཕན་འབྲས་ལ་ཞིབ་བཤེར་བྱས་ནས་སློབ་སྦྱོང་ལ་དཔྱད་བསྡུར་བྱས་པས་མདུན་ཕྱོགས་སུ་བསྐྱོད་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ།ཚོད་ལྟ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱ་རྒྱུར་བརྩིས་ནས་བརྡ་ཐོ་མི་གཏོང་བ་དང་ལན་མི་སྤྲོད་པའི་ཐབས་ལ་བརྟེན་ཏེ་ཏང་ཡོན་དང་ལས་བྱེད་པ་150ལྷག་ཙམ་ལ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཚོད་ལྟ་ཐེངས་8བྱས་པར་མ་ཟད།ཚོད་ལྟའི་སྦྱངས་འབྲས་ཀྱི་ཨང་རིམ་མཇུག་ཤོས་སུ་ལུས་པའི་ཏང་ཡོན་དང་ལས་བྱེད་པ་བརྡ་ཁྱབ་བཏང་བ་དང་། ཚོད་ལྟའི་རྒྱུགས་ལེན་བྱས་པ་ལས་ཡོན་ཚད་དངོས་ཤེས་པ་དང་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་གི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་པ། ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་དམ་འཛིན་བྱེད་པའི་གཙོ་འགན་འཁུར་རྒྱུ་དམ་དུ་ཕྱིན་ཡོད། དུས་མཚུངས་སུ་ཚང་བཤེར་ཆད་གསབ་དང་། སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་དམིགས་ཏེ།ཏང་རྩ་འཛུགས་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ཁྱོན་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ལྟ་སྐུལ་དངོས་དང་།ཁྲིད་སྟོན་དངོས།ཕན་འབྲས་དངོས་བཅས་བྱ་སྤྱོད་ཞིབ་ཕྲ་དོན་གཉེར་བྱེད་པའི་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ལས་དོན་གྱི་གནོན་ཤུགས་བརྒྱུད་སྤྲོད་བྱས་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-12 6 6 拉萨日报藏文 c180804.html 1 /enpproperty-->