分享按钮

ཝང་ཆང་གིས་ས་ག་ཟླ་བའི་རིང་བརྟན་ལྷིང་སྲུང་སྐྱོང་དང་ཞབས་ཞུའི་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)མཁྱེན་རྟོགས་གནང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མའི་རིམ་ཁག་དང་ཕྱོགས་ཁག་གི་སྟོབས་ཤུགས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པས། འགན་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་དང་། བདེ་སྲུང་། བདེ་འཇགས་ཞིབ་བཤེར། ཞབས་ཞུའི་དོ་དམ་སོགས་ཀྱི་ལས་དོན་མུ་མཐུད་ཏན་ཏིག་བསྒྲུབ་དགོས་པ། ཁྲིམས་ལྟར་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་།སྐྱིད་སྣང་བཅས་ཆེ་རུ་གཏོང་དགོས་པ། ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་ནས་རང་འགུལ་ངང་གསར་གཏོད་བྱེད་དགོས་པ་སྟེ། ལམ་ཐིག་དང་གཙོ་གནད་ལམ་མདོར་ཚན་རིག་དང་མཐུན་པའི་སྒོ་ནས་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་གླིང་སྐོར་གྱི་འགྲོ་ལམ་བདེ་འཇགས་དང་ཤར་གཏོང་ཡོང་བར་འགན་ལེན་བྱེད་དགོས་པ་དང་།དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ལས་ཀའི་ལམ་སྲོལ་ནུས་ལྡན་ངང་འཚོལ་ཞིབ་དང་ལེགས་སུ་གཏོང་དགོས་པ། ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་ཐོག་ནས་ས་གནས་རིག་གནས་དང་མཉམ་འདྲེས་བྱས་ཏེ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་ལྷ་སར་ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས།

ཝང་ཆང་གིས་བསྟན་དོན།ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་གཟུགས་བརྙན་མཚོན་བྱེད་དང་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཀྱི་མཚོན་རྟགས་གལ་ཆེ་ཤོས་ཤིག་ཡིན་ཞིང་། མཐའ་འཁོར་གྱི་སྔོ་ལྗང་དང་འགྲོ་ལམ་འཛུགས་སྐྲུན་བྱ་རྒྱུ་ནི་ལྷ་ས་གྲོང་ཁྱེར་གྱི་བཅོས་སྐྱོང་ནུས་པའི་མཚོན་ཚུལ་གང་ལེགས་ཞིག་ཡིན་པས། དྲིལ་བསྒྲགས་བྱང་བུ་ཚད་ལྡན་ངང་བཟོས་ནས་གྲོང་ཁྱེར་འགྲོ་ལམ་གྱི་མཛེས་ཆོས་གོང་མཐོར་གཏོང་དགོས་པ་དང་། གྲོང་ཁྱེར་གྱི་སྡོང་སྐམ་དུས་ཐོག་ཏུ་གཙང་སེལ་བྱས་ནས་སྡོང་སྐམ་འགྱེལ་བའི་མངོན་མེད་རྐྱེན་ངན་མེད་པར་བཟོ་དགོས་པ། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཁྱེར་གྱི་ཤིང་སྡོང་ལ་ཡལ་བཞུར་བརྒྱབ་ནས་གྲོང་ཁྱེར་གྱི་སྔོ་ལྗང་སྤུས་ཚད་མཐོ་རུ་གཏོང་དགོས་པ། མི་འགྲོ་སའི་ལམ་གྱི་ཆག་སྐྱོན་བྱུང་བའི་སོ་ཕག་དུས་ཐོག་ཏུ་ཉམས་གསོ་བྱེད་དགོས་པ། ལམ་ངོས་དང་ཁྲོན་པའི་ཁེབ་གཅོད་ལ་བཟོ་བཅོས་རྒྱག་པ་བཅས་བྱས་ཏེ།མང་ཚོགས་བློ་ཡིད་ཚིམས་མིན་ཚད་གཞི་བཟུང་ནས་གྲོང་ཁྱེར་གྱི་ཞབས་ཞུའི་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ལ་དེ་བས་སྐྱིད་སྣང་དོད་པ། སྟབས་བདེ་བ། བདེ་འཇགས་བཅས་ཀྱི་འགྲོ་སྐྱོད་ཁོར་ཡུག་ཅིག་བསྐྲུན་དགོས།

གྲོང་སྤྱི་གཞོན་པ་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་པ་སངས་རྡོ་རྗེ་བརྟག་ཞིབ་གནང་བར་མཉམ་དུ་ཕེབས་ཡོད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-12 6 6 拉萨日报藏文 c180803.html 1 ཝང་ཆང་གིས་ས་ག་ཟླ་བའི་རིང་བརྟན་ལྷིང་སྲུང་སྐྱོང་དང་ཞབས་ཞུའི་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->