(པར་ངོས་དང་པོར་མཐུད)རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཁྲེན་ཅིང་གིས་བསྟན་དོན།2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་དང་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐོག་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། འཛད་སྤྱོད་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྣེ་ཁྲིད་དུ་བྱས་ཏེ།ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་འོས་སྦྱོར་ཚོགས་འདུ་དང་། ལྷ་སའི་རིག་གནས་ཡུལ་སྐོར་དང་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན། ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་ཚོང་ལས་འོས་སྦྱོར་ཚོགས་འདུ། དེ་བཞིན་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཚོང་ཟོག་འགྲེམས་འཚོང་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་གཉེར་རྒྱུ་རེད།
ཁྲེན་ཅིང་གིས་ནན་གསུངས་གནང་དོན།2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་དང་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་ནི་གྲོང་ཨུད་ཀྱི་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་ལས་དོན་གྱི་རྩ་དོན་དོན་འཁྱོལ་བྱ་རྒྱུ་དེ་རེད།ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འདུ་ཤེས་ཆེན་པོ་ལྔ་ལ་གཞི་ཚུགས་པ་དང་འགངས་ཆེན་ལྔ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་སྐུལ་ཁྲིད་དུ་བྱས་ནས་ལས་རིགས་གཅིག་དར་བར་བརྟེན་ནས་ལས་རིགས་བརྒྱ་དར་ཐུབ་པའི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་འདོན་སྤེལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ད་ཐེངས་ཀྱི་བྱེད་སྒོ་ཡག་པོ་སྤེལ་ཆེད།ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད་པ་རེད། ལྷ་སས་ལས་རིགས་ཁག་གི་མི་སྣ་མཉམ་འཛོམས་བྱ་རྒྱུའི་རེ་སྒུག་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་ཡུལ་སྐོར་གྱི་རིགས་གཅིག་མཁས་ཅན་དང་སྐད་གྲགས་ཆེ་བའི་ཚོང་པ་གདན་དྲངས་ཏེ་ཐུན་མོང་ཐོག་དཔང་པོ་དང་། ཐུན་མོང་ཐོག་འཕེལ་རྒྱས། འབྱུང་འགྱུར་མཉམ་སྤྱོད་བཅས་བྱ་རྒྱུ་ཡིན་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社