分享按钮

རང་གྲོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་དང་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ཚད་གཞིའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་8ཉིན་གྱི་སྔ་དྲོར། གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་གཙོ་གཉེར་བྱས་པའི་རང་གྲོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་དང་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ཚད་གཞིའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་རེད། རང་གྲོང་གི་རྫོང(ཆུས)ཁག་དང་། བྱེད་ནུས་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་སྡེ་ཚན་གྱི་འགན་འཁུར་བ་དང་། ཚན་ཁག་གི་འགན་འཁུར་བ། ལས་སྒོའི་རྐང་འཛིན་པ། ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་ཁག་དང་། གྲོང་ཁྱེར་མ་འཇོག་ཀུང་སི། སེམས་དྲོད་ཀུང་སི། གློག་ཤུཊ། གློག་འཕྲིན། སྒུལ་འཕྲིན།སྐྱེད་ཚལ། འབར་རླངས་གཉེར་སྐྱོང་ཁེ་ལས་སོགས་ཚན་པའི་འབྲེལ་ཡོད་འགན་འཁུར་བ་དང་ལས་སྒོའི་རྐང་འཛིན་པ་ཁྱོན་མི་110ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།

ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་གཉིས་ཡིན་པ་དང་དེའི་དམིགས་ཡུལ་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་དང་དེ་བཞིན་གྲོང་ཁྱེར་ཞིབ་ཚགས་དོ་དམ་ཐད་ཀྱི་ཚད་གཞིར་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ་བདེ་འཇགས་དང་ཚད་གཞིའི་འདུ་ཤེས་བརྟན་པོ་བཟོས་ནས་གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་བྱེད་རིང་མཐའ་འཁྱོངས་བྱེད་དགོས་པའི་འབྲེལ་ཡོད་ཚད་གཞི་ཁོང་དུ་ཆུད་པར་བྱས་ཏེ། གྲོང་ཁྱེར་གྱི་ཞིབ་ཚགས་དོ་དམ་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།

འབྲེལ་ཡོད་མི་སྣས་གྲོང་ཁྱེར་གྱི་སྒྲིག་ཆས་དོ་དམ་དང་།གྲོང་ཁྱེར་གྱི་གློག་སྒྲོན་དོ་དམ། གྲོང་ཁྱེར་གྱི་རྣམ་པ་དོ་དམ། སྐྱེད་ཚལ་སྔོ་འགྱུར་དོ་དམ། ཁོར་ཡུག་འཕྲོད་བསྟེན་དོ་དམ། སྲ་གཟུགས་ཟོག་རོ་གཙང་སེལ་དང་ཐག་གཅོད་བྱེད་པ། གྲོང་ཁྱེར་གྱི་འབར་རླངས་དང་གཅིག་སྡུད་དྲོད་མཁོ་འདོན་དོ་དམ།གྲངས་འཛིན་ཅན་གྱི་གྲོང་ཁྱེར་དོ་དམ།ཐོན་སྐྱེད་བདེ་འཇགས་སོགས་ཀྱི་ཐད་ནས་ཁྱོན་ཡོངས་ནས་གསལ་འགྲེལ་གཏིང་ཟབ་བྱས་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-12 6 6 拉萨日报藏文 c180799.html 1 རང་གྲོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་དང་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ཚད་གཞིའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ། /enpproperty-->