(པར་ངོས་དང་པོར་མཐུད)ཕྱོགས་གཉིས་པོའི་འབྲེལ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་དང་།རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་པ་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་ཡོད།ཀྲུང་གོ་དང་ཧང་ག་རིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་དེ་འགོ་འཛུགས་ས་གསར་པར་བྱས་ན།རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་དེ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ང་ཚོས་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དེས་ཀྲུང་ཧང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།ཕྱོཊ་གཉིས་པོས་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་སྲིད་གཞུང་དང་།ཁྲིམས་འཛུཊ་སྒྲིག་གཞི།སྲིད་ཏང་དབར་གྱི་སྐད་ཆ་ཤོད་རེས་དང་སྤེལ་རེས་བཅས་ལ་ཤུཊ་སྣོན་བརྒྱབ་སྟེ་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད།ཀྲུང་གོ་ཕྱོཊ་ཀྱིས་ཧང་ག་རི་ཕྱོཊ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་བར་ཚད་མཐོའི་བསྔཊ་བརྗོད་བྱ་རྒྱུ་དང་།ཧང་ག་རི་རྒྱལ་ཁབ་དེ་གའི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ང་ཚོ་ཚང་མས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་འགོ་དེ་ཧང་ག་རིའི་ཤར་ཕྱོགས་སྒོ་དབྱེའི་འཐབ་ཇུས་དང་ཚད་མཐོའི་མཐུན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་།དཔལ་འབྱོར་ཚོང་དོན་དང་།མ་འཇོག དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།ཧང་ག་རི་དང་སི་ར་ལ་ཨོང་གི་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།གསར་དར་ཐོན་ལས་མཉམ་ལས་རྒྱ་ཆེར་གཏོང་བ།ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་དང་རོགས་རམ་བྱ་རྒྱུ་ཡིན།
ང་ཚོས་ཀྲུང་གོ་དང་ཧང་ག་རིའི་སྲོལ་རྒྱུན་མཛའ་གྲོགས་ལ་རྨང་གཞི་ཟབ་མོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྐད་ཡིག་སློབ་ཁྲིད་ལ་མུ་མཐུད་རྒྱབ་སྐྱོར་དང་།ཕན་ཚུན་བཙུགས་པའི་རིག་གནས་ལྟེ་གནས་ལས་སྟེགས་ཡག་པོ་སྤྱོད་པ།ལུས་རྩལ་དང་།སྨྱན་སྦྱོར།ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དམངས་སེམས་ཕན་ཚུན་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།ཕྱོགས་གཉིས་པོས་རང་སོ་སོའི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་སྲིད་ཇུས་སྔར་བས་ལེགས་སུ་གཏོང་བ་དང་།རྒྱལ་ཁབ་གཉིས་པོའི་ཐད་འཕུར་འབྲེལ་གཏུགས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཉིས་ཀྱི་མི་སྣ་འགྲོ་འོང་རྒྱ་ཆེར་གཏོང་ཆེད་མཐུན་རྐྱེན་དེ་བས་མང་བ་གཏོད་རྒྱུ་ཡིན།
ང་ཚོས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ཐད་མཉམ་གྲོས་དང་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་ས་ཁོངས་ལས་བརྒལ་བའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་བསྟན་པའི་ངོས་འཛིན་བྱེད་ཀྱི་ཡོད།ཀྲུང་ཧང་ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་དེ་གཞི་རྒྱ་དེ་བས་ཆེ་བ་དང་ཁྱབ་ཁོངས་དེ་བས་ཆེ་བ།རིམ་པ་དེ་བས་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ལེཊ་པ་བསྐྲུན་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོང་ཆེན་བྱས་ནས་ཡོ་རོབ་ནི་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྣེ་མང་གལ་ཆེན་ཞིག་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རོགས་ཟླ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་ནང་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ནས།ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ང་ཚོས་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འཛིན་པའི་ལྟ་ཚུལ་འདྲ་མཚུངས་དང་ལངས་ཕྱོགས་འདྲ་མཚུངས་ཡིན་པས།ཕྱོགས་མང་ཁྱབ་ཁོངས་སུ་འབྲེལ་གཏུཊ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་།ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་དར་སྤེལ་གཏོང་བ།རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བརྟན་པོ་བྱེད་པ་བཅས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན།མིག་སྔར།ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ལ་གོ་སྐབས་ཧ་ཅང་ཆེན་པོ་འཕྲད་རྒྱུ་རེད།ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་བར་བྱེད་འདོད་ཡོད།ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད།
ཨོར་པན་གྱིས་བསྟན་དོན།ཧང་ག་རི་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན།ཧང་ག་རི་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་མོ་དང་འབྲེལ་བ་བརྟན་པོ་ཡོད།ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་པོ་བྱེད་ཀྱི་ཡོད།ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ནས་གཉིས་ཕན་མཉམ་ལས་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད།ཀྲུང་གོས་ཧང་ག་རིར་དཀའ་ངལ་ཡོད་པའི་སྐབས་སུ་རྩ་ཆེའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཀྲུང་གོ་ནི་འཛམ་གླིང་སྣེ་མང་ཅན་གྱི་གནས་སྟངས་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་དང་དགེ་མཚན་ལྡན་པ་ཞིག་ཡིན།ཧང་ག་རི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་པ་དང་།ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་ཉམས་ཉེན་སོགས་ས་ཁུལ་གྱི་གདོང་ཐུག་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་བཏོན་པའི་ཇུས་གཞིར་མོས་མཐུན་བྱེད་ཀྱི་ཡོད།ཧང་ག་རི་ཕྱོགས་ཀྱིས་ཧང་ག་རི་དང་ཀྲུང་གོའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་རང་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་བློ་བརྟན་འགྱུར་མེད་ཀྱི་མཉམ་ལས་རོགས་ཟླ་ཞིག་བྱ་རྒྱུའི་རེ་བ་ཡོད།
ཚའེ་ཆི་དང་ཝང་དབྱི་སོཊ་བྱེད་སྒོར་ཞུཊ་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社