ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྒྲིག་ཁྲིམས་སློབ་སྦྱོང་ནི་སྒྲིག་ཁྲིམས་ཤེས་པ་དང་། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་བརྩི་སྲུང་བཅས་ཀྱི་རྨང་གཞི་ཡིན་པས།སློབ་སྦྱོང་གཏིང་ཟབ་དང་།སློབ་སྦྱོང་མཐིལ་ཕྱིན།སློབ་སྦྱོང་གནད་སྨིན་བཅས་བྱུང་ཚེ་གཞི་ནས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་གང་ཡིན་པ་དང་། ཅི་ཞིག་བྱེད་རུང་བ། ཅི་ཞིག་བྱེད་མི་རུང་བ་སོགས་གསལ་པོར་ཤེས་ནས་སྒྲིག་སྲོལ་ལ་བརྩི་སྲུང་བྱ་རྒྱུ་དེ་སེམས་ལ་གསལ་པོར་ངེས་ནས་རྒྱུན་གཏན་གྱི་སྤྱོད་ཚུལ་ཐོག་མཚོན་པར་བྱས་ཏེ་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་ཐུབ། ལྷུན་གྲུབ་རྫོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་ཚད་བླང་བྱ་གཏན་འཁེལ་བྱས་ཏེ།ཚུགས་གནས་མཐོན་པོའི་སྒོ་ནས་ཇུས་འགོད་དང་། ཚད་གཞི་མཐོན་པོའི་སྒོ་ནས་སྒྲིག་འཛུགས། སྤུས་ཚད་མཐོན་པོའི་སྒོ་ནས་སློབ་ཁྲིད་ལ་སྐུལ་འདེད་དང་། རང་སྦྱོང་དང་།ཞིབ་འཇུག འཆད་ཁྲིད། དཔྱད་བསྡུར་བཅས་ཀྱི་སློབ་སྦྱོང་ལྔ་ཡི་རྣམ་པར་སྐུལ་འདེད་བཏང་བས།སྒྲིག་ཁྲིམས་སློབ་སྦྱོང་ལ་ཕན་འབྲས་བཟང་པོ་ཐོན་ཡོད།
ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་ནས་སློབ་སྦྱོང་བྱས་པས་སྣེ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ། འགག་རྩའི་ཉུང་ཤས་ཀྱི་སྣེ་ཁྲིད་སློབ་སྦྱོང་ལ་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ནས་ཏང་རྩ་འཛུགས་ཁག་གི་ཚན་ཁག་གི་ཁོངས་མི་དང་ལྷག་པར་དུ་རྫོང་ཏང་ཨུད་ཀྱི་ཚན་ཁག་གི་ཁོངས་མི་རྣམས་ཀྱིས་གདོང་དམག་པ་དང་། གདོང་ལེན་པ། དཔེ་སྟོན་པ་བཅས་རྒྱུན་འཁྱོངས་བྱས་པ་དང་།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》སོགས་ཀྱི་གཙོ་བོའི་ནང་དོན་ལ་དམིགས་ནས་མ་རྩོམ་བཀླགས་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པར་ཤེས་རྟོགས་བྱས་པ། སྣེ་ཁྲིད་དེ་དཔེ་ཀློག་མྱོང་ཚོར་400ལྷག་ཙམ་བྲིས་ནས་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དེ་སློབ་སྦྱོང་སྔོན་ལ་བྱས་པ་དང་། སློབ་སྦྱོང་ནན་ཏན་བྱས་པ།གོ་བ་གཏིང་ཟབ་ལེན་པ་བཅས་བྱས་པས་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་སྦྱོང་བའི་ཐད་མིག་དཔེ་བཟང་པོ་བསྟན་ཡོད།
ཏང་ཡོན་ལས་བྱེད་པ་ཚོས་རང་སྦྱོང་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ། ཏང་ཡོན་དང་ལས་བྱེད་པ་ཚང་མས་རྒྱུན་དུ་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》དེ་རྟག་ཏུ་སྔས་འགྲམ་དུ་བཞག་པ་དང་ལྟོ་ཕད་ནང་འཁྱེར་ནས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱས་པ་དང་། གུང་ཁྲན་ཏང་ཡོན་གྱི་དྲ་ཚིགས་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས། སློབ་བརྩོན་རྒྱལ་ཁབ་སྟོབས་ལྡན།
གངས་ལྗོངས་དྭངས་གཙང་བསིལ་རླུང་།དྭངས་གཙང་ལྷ་ས།ལྷུན་གྲུབ་སྐར་ཁུང་། ལྷུན་གྲུབ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་བསྒྲིགས་ལེ་ཚན་སོགས་ཀྱི་ལས་སྟེགས་སྤྱད་དེ་ཏང་གི་སྒྲིག་ཁྲིམས་ལ་རང་སྦྱོང་ཧུར་ཐག་བྱས་ནས་སྒྲིག་ཁྲིམས་སྦྱོང་བའི་རྣམ་པ་བཟང་པོ་བཏོད་ཡོད།
དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་འཇུག་དང་སློབ་སྦྱོང་བྱས་པས་ནང་དོན་ལ་གོ་བ་ལོན་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ། ཏང་རྩ་འཛུགས་ཁག་གིས་ཏང་ཨུད(ཏང་ཙུའུ)གྲོས་ཚོགས་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་། དཔེ་ཀློག་འཛིན་གྲྭ། ཚོགས་འདུ་གསུམ་དང་སློབ་ཚན་གཅིག ཏང་གི་གཙོ་དོན་ཉིན་མོ་སོགས་ཀྱི་རྣམ་པའི་ཐོག་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་གཙོ་དོན་དང་། ལག་ལེན་གྱི་བླང་བྱ། 《སྲོལ་ཡིག》བཟོ་བཅོས་བརྒྱབ་པའི་རྒྱུ་རྐྱེན། ནང་དོན། གོ་དོན་ཟབ་མོ་བཅས་ཐེངས་400ལྷག་ཙམ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་འབྲེལ་ཤེས་རྟོགས་ཀྱི་འགག་རྩར་དམ་འཛིན་ཡག་པོ་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་དང་ཟུང་འབྲེལ་བྱས་པ་དང་།རང་སོ་སོའི་བསམ་བློ་དང་། ལས་ཀ འཚོ་བ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་དང་བགྲོ་གླེང་ཐེངས་50ལྷག་ཙམ་བྱས་པ།མྱོང་ཚོར་གླེང་བ་དང་། ཕན་འབྲས་གླེང་བ། འགན་འཁུར་བཅས་ཀྱི་ཁྲོད་དུ་ཏང་གི་སྒྲིག་ཁྲིམས་ལ་མོས་སེམས་དང་། ཐོབ་སྣང་། གུས་སེམས་བཅས་ཟབ་ཏུ་བཏང་ཡོད།
ཆེད་དོན་ཟུར་ཁྲིད་དང་སློབ་ཁྲིད་བྱས་པས་སློབ་སྦྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ། ལྷུན་གྲུབ་སྐར་ཁུང་དང་ལྷུན་གྲུབ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སོགས་ཀྱི་འཕྲིན་ཕྲན་སྤྱི་སྟེགས་སྤྱད་དེ་ཀྲུང་དབྱང་དང་། ལྗོངས།གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་ལས་སྟེགས་ཐོག་ཁྱབ་བསྒྲགས་བྱས་པའི《སྲོལ་ཡིག》གི་གསལ་འགྲེལ་རྩོམ་ཡིག་60ལྷག་ཙམ་བརྒྱུད་བསྒྲགས་བྱས་པ་དང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社