ཤིན་ཧྭ་གསར་འགྱུར་ཁང་པུ་ཏ་ཕེ་སི་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་སྲིད་བློན་ལས་ཤག་ཏུ་ཧང་ག་རིའི་སྲིད་བློན་ཨོར་པན་དང་མཇལ་མོལ་གནང་རྗེས་ལྷན་དུ་གསར་འགོད་པ་དང་ཐུག་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཀྲུང་ཧང་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུཊ་ནས་ལོ་ངོ་75འཁོར་བའི་ལོ་ཞིག་རེད།ལོ་ངོ་75རིང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་།ལྟ་སྟངས་འདྲ་མཉམ།གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་བསྐྱོད་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།ངས་སྲིད་བློན་ཨོར་པན་དང་བྱམས་བརྩེའི་མཛའ་གྲོགས་དང་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ་དུས་རབས་གསར་པའི་ཀྲུང་ཧང་གི་འབྲེལ་བ་འཕེལ་རྒྱས་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་བར་མ་ཟད།ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་གལ་ཆེན་རབ་དང་རིམ་པ་བརྗེ་རེས་ཀྱང་བྱས་ཡོད།རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་མདུན་ལམ་ཐད་ང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན།ང་དང་སྲིད་བློན་ཨོར་པན་གཉིས་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ནི་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རོགས་རེས་ཀྱི་གྲོགས་པོ་བཟང་པོ་དང་མཉམ་ལས་གཉིས་ཕན་གྱི་གྲོགས་པོ་བཟང་པོ་ཞིག་ཡིན་པས།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社