ཤིན་ཧྭ་གསར་འགྱུར་ཁང་པུ་ཏ་ཕེ་སི་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་10ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་པུ་ཏ་ཕེ་སིར་གདན་ཞུས་ལྟར་ཧང་ག་རིའི་སྲིད་བློན་ཨོར་པན་དང་སྐུ་ཟླ་གཉིས་ཀྱིས་སྤེལ་བའི་ཕེབས་སྐྱེལ་བྱེད་སྒོར་ཞུགས་པ་རེད།
རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་སྟངས་དཔྱལ་རྣམ་གཉིས་ཀྱིས་མཉམ་དུ་པུ་ཏ་ཕེ་སིའི་གྲོང་ཁྱེར་གྱི་ཡུལ་ལྗོངས་དང་ཏུའོ་ནའོ་གཙང་པོའི་ངོགས་གཉིས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་རྒྱང་གཟིགས་གནང་བ་རེད།
ཨོར་པན་གྱིས་ཞི་ཅིན་ཕིང་ལ་པུ་ཏ་ཕེ་སིའི་གྲོང་ཁྱེར་གྱི་ལོ་རྒྱུས་དང་། འཕེལ་རྒྱས་དང་འགྱུར་ལྡོག འཆར་འགོད་གྱི་མདུན་ལམ་བཅས་ངོ་སྤྲོད་གནང་བ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཧང་ག་རིའི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་འགན་ཁུར་བའི་འཛུགས་སྐྲུན་རྣམ་གྲངས་མང་པོ་ཞིག(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社