ཤིན་ཧྭ་གསར་འགྱུར་ཁང་པུ་ཏ་ཕེ་སི་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་10ཉིན་གྱི་ས་སྲོས་སུ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་རྗེས།ཆེད་གཏོང་གནམ་གྲུར་བཞུགས་ཏེ་པུ་ཏ་ཕེ་སིར་ནས་ཞལ་གྱེས་ཏེ་རྒྱལ་ནང་དུ་ཕྱིར་ལོག་གནང་བ་རེད།
ཧང་ག་རིའི་སྲིད་བློན་ཨོར་པན་དང་སྐུ་ཟླ་གནམ་ཐང་དུ་སྐྱེལ་བར་ཕེབས་ཡོད། ཞི་ཅིན་ཕིང་བཞུཊ་པའི་ཆེད་གཏོང་གནམ་གྲུ་འཕུར་རྗེས་ཧང་ག་རི་ཕྱོཊ་ཀྱི་མཁའ་དམག་གི་དམག་འཐབ་གནམ་གྲུ་2མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་ཞུས་ཡོད།
གནམ་ཐང་དུ་བསྐྱོད་པའི་ལམ་བར་དུ་ཧང་ག་རིར་ཡུལ་སྐོར་དུ་འགྲོ་བའི་ཕྱི་ཁོངས་ཀྲུང་གོ་བ་དང་།ཕྱིར་སྡོད་རང་མི།ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་རྣམས་འགྲོ་ལམ་གྱི་གཞོགས་གཉིས་སུ་འཛོམས་ནས་ཀྲུང་གོ་དང་ཧང་ག་རིའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་པ་དང།ཀྲུང་གོ་དང་ཧང་ག་རིའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག་སོགས་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་བསྒྲེངས་ནས་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་པོས་ཕེབས་སྐྱེལ་ཞུས་ཏེ་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གི་སྐུ་ཟླ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་བཞུགས་ཏེ་ཕྱིར་ལོག་གནང་བ་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社