ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁུལ་དུ་ས་ག་ཟླ་བའི་རིང་གི་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་དང་དེ་བཞིན་ཞབས་ཞུའི་དོ་དམ་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་བརྟན་སྲུང་བཀོད་འདོམས་པུའུ་ཡི་ལས་ཀའི་བླང་བྱ་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ནས་སྐྱོན་བྲལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་ཤིག་བསྐྲུན་དགོས།
བརྟག་ཞིབ་གནང་རིང་ཝང་ཆང་དང་བཅས་པ་ཕེབས་ཞོར་དུ་བཀའ་འདྲི་གནང་བ་དང་གསན་ཞོར་དུ་གཟིགས་བཞིན་སྔ་རྗེས་སུ་ལྕགས་པོ་རིའི་རྒྱབ་ཀྱི་སངས་རྒྱས་སྟོང་སྐུ་དང་རྩེ་སྐོར་གྱི་ལམ་སོགས་སུ་ཕེབས་ནས་ས་ག་ཟླ་བའི་རིང་གི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དང་དམངས་ཕན་ཞབས་ཞུ་སྒྲུབ་ཚུལ་ཐད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社