分享按钮

ཞི་ཅིན་ཕིང་པུ་ཏ་ཕེ་སིར་འབྱོར་ནས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུཊ་པ།

(པར་ངོས་དང་པོར་མཐུད)འཚམས་འདྲི་ཞུས་པ་དང་སྲིད་བློན་ཨོར་པན་གྱིས་དགེ་རྒན་ཆེ་མོ་བ་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་བ་རེད། གུས་ལུགས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་གྲལ་བསྒྲིགས་ནས་གུས་འདུད་ཞུས་པ་རེད། མི་རིགས་ཀྱི་གྱོན་ཆས་གྱོན་པའི་ཧང་ག་རིའི་བྱིས་པ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་ལ་མེན་པའོ་དང་ཚྭ་ཕུལ་ནས་སྲོལ་རྒྱུན་གྱི་གུས་ལུགས་ཐོག་ནས་སྐུ་མགྲོན་གལ་ཆེན་ལ་བསུ་བ་ཞུས་པ་རེད། ཀྲུང་གོ་དང་ཧང་ག་རིའི་སྐད་གཉིས་སློབ་གྲྭའི་སློབ་མས་ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་ལ་མེ་ཏོག་ཕུལ་བ་དང་འབྲེལ་རྒྱ་ཡིག་གི་ཐོག་ནས“ཁྱེད་ཧང་ག་རིར་ཕེབས་པར་དགའ་བསུ་ཞུ”ཞེས་བཤད། ལོ་ཆུང་བྱིས་པས་དགའ་སྤྲོའི་ངང་ནས་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོའི་ཁྲར་ཏ་ཧྲིའི་རོལ་དབྱངས་ཞབས་བྲོ་འཁྲབ་ནས་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཡིག་ངོས་ནས་གསུང་བཤད་གནང་ཞིང་།ཁོང་གིས་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་སྲིད་བློན་ཨོར་པན་གྱི་སྤྲོ་སེམས་འཁོལ་བའི་གདན་ཞུས་ལྟར་མཛེས་སྡུག་ལྡན་པའི་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཡིན། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་ཟབ་ཏུ་ཕྱིན་པ་དང་། ཕན་ཚུན་ཡིད་ཆེས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཕུན་སུམ་ཚོགས་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ནས་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པར་དཔེ་མཚོན་ཞིག་བཏོད་ཡོད། ད་ལོ་ནི་ཀྲུང་ཧང་རྒྱལ་ཁབ་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་75འཁོར་བའི་ལོ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་གལ་ཆེན་འཕྲད་ཡོད། ངས་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་སྲིད་བློན་ཨོར་པན་སོགས་ཧང་ག་རིའི་འགོ་ཁྲིད་པ་དང་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་ཐུན་མོང་ཐོག་འཆར་འགོད་བྱས་ནས་ཀྲུང་ཧང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་ཧང་རྒྱལ་ཁབ་གཉིས་པོས་མཐོང་རྒྱ་ཡངས་ཤིང་ཕུགས་ཀྱི་མིག་རྒྱང་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་།ཁོང་དུ་ཆུད་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འབད་བརྩོན་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ནས་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཏེ་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འོས་འཚམ་འབུལ་ངེས་ཡིན། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ད་ཐེངས་ཀྱི་འཚམས་འདྲི་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ནས་ཀྲུང་ཧང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བཞུགས་ནས་ཕེབས་ཡོད།

ཧང་ག་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀུང་ཐའོ་ཡང་གནམ་ཐང་དུ་བསུ་བ་ཞུ་བར་ཕེབས་ཡོད།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་ཐང་ནས་མགྲོན་ཁང་དུ་ཕེབས་སྐབས་ལམ་བར་དུ། ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་དང་།ཕྱིར་སྡོད་རང་མི།ཀྲུང་གོའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་བརྒྱ་ཕྲག་ཁ་ཤས་འགྲོ་ལམ་གྱི་འགྲམ་དུ་འཛོམས་ནས་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱེད་པ་དང་། “ཀྲུང་གོ་དང་ཧང་ག་རིའི་མཛའ་གྲོགས་ཡུན་རིང་དུ་གནས་པ”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ཧང་ག་རིར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-11 6 6 拉萨日报藏文 c180725.html 1 ཞི་ཅིན་ཕིང་པུ་ཏ་ཕེ་སིར་འབྱོར་ནས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུཊ་པ། /enpproperty-->