(པར་ངོས་དང་པོར་མཐུད)དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྟོབས་ཆེའི་སྒུལ་ཤུགས་གསར་པ་སྣོན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས་ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོར་ཡུན་རིང་མཛའ་གྲོགས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་། ཐའེ་ཝན་དང་འབྲེལ་བ་ཡོད་པ་དང་། ཤང་ཀང་དང་འབྲེལ་བ་ཡོད་པ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་དར་ཆ་གསལ་སྒྲེང་གིས་ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་བསྔགས་བརྗོད་ཞུ་ཡི་ཡོད། ཀྲུང་གོས་ཧང་ག་རི་ཕྱོགས་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཧང་ག་རི་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་བཅས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཧང་ག་རི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་བསྐྲུན་ངེས་ཡིན་པས། ཧང་ག་རི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་གི་མཉམ་སྐྱོད་པ་ཞིག་ཏུ་འགྱུར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཐོག ཀྲུང་གོ་དང་ཧང་ག་རི་སྲིད་གཞུང་དབར་གྱི“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་སྦཊ་མེད་ནུས་རྒྱུ་སོཊ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། དུས་བཀག་ལྟར་ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་འཛུཊ་སྐྲུན་ལེཊ་སྒྲུབ་བྱེད་འདོད་ཡོད། ནུས་ཁུངས་གཙང་མ་དང་མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་ཧུར་ཐག་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས་ན་ནིང་ལོ་འགོར། ང་རང་ནས་ཧང་ག་རི་དང་ཀྲུང་གོའི་སྐད་གཉིས་སློབ་གྲྭའི་སློབ་མར་འཕྲིན་ལན་སྤྲིངས་ཏེ། རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་གིས་ཐུན་མོང་ཐོག་ཀྲུང་གོ་དང་ཧང་ག་རིའི་མཛའ་གྲོགས་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བཏང་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྐད་ཡིག་སློབ་ཁྲིད་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་ཧང་ག་རི་ཕྱོགས་དང་ཕྱོགས་མང་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འབོད་སྐུལ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཡོ་རོབ་ནི་སྣེ་མང་འཛམ་གླིང་ཁྲོད་ཀྱི་གལ་ཆེན་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱེད་པའི་རོགས་ཟླ་གལ་ཆེན་ཞིག་ཡིན། ཧང་ག་རི་ཕྱོགས་ད་ལོའི་ལོ་སྨད་ཀྱི་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ནང་གནས་ཀྱི་སྒུལ་ཤུགས་ཆེན་པོ་ལྡན་ཡོད་པས། ཧང་ག་རི་ཕྱོགས་ནས་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།
ཨོར་པན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། ལོ་15ཡི་གོང་ཁྱེད་རང་ནས་ཧང་ག་རིར་འཚམས་འདྲི་གནང་བའི་གནས་ཚུལ་དེ་ངས་ད་ལྟ་ད་དུང་གསལ་པོར་དྲན་གྱི་འདུག ལོ་15ཡི་རིང་ང་ཚོ་རང་སོའི་རྒྱལ་ཁབ་དང་དེ་བཞིན་ཧང་ག་རི་དང་ཀྲུང་གོའི་འབྲེལ་བར་ཡར་རྒྱས་ཆེན་པོ་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ཧང་ག་རི་དང་ཀྲུང་གོའི་འབྲེལ་བ་ལེགས་གྲུབ་བྱུང་བའི་ཐོག་ནས་རྒྱལ་ཁབ་ཆེ་ཆུང་དབར་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་བྱེད་ཆོག་པ་ར་སྤྲོད་ཐུབ་ཡོད། ཁྱེད་རང་འཚམས་འདྲིར་ཕེབས་པ་དེས་ཧང་ག་རི་དང་ཀྲུང་གོའི་དབར་མཛའ་བཤེས་ཟབ་མོ་དང་མི་མངོན་པའི་སྟོབས་ཤུཊ་ཆེན་པོ་ལྡན་པ་སླར་ཡང་མངོན་ཡོད་པས་ཧང་ག་རི་དང་དེ་བཞིན་ཧང་ག་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ཧང་ག་རི་དང་ཀྲུང་གོའི་འབྲེལ་བའི་ངེས་གནས་དེ་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་འབྱུང་འགྱུར་ཧང་ག་རི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཧང་ག་རི་དང་ཀྲུང་གོའི་འབྲེལ་བའི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བསྟན་ཡོད།
ཨོར་པན་གྱིས་ཧང་ག་རི་ཕྱོགས་ཀྱིས་ཧང་ག་རིར་དཀའ་ངལ་འཕྲད་སྐབས་ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་རྩ་ཆེའི་རྒྱབ་སྐྱོར་གནང་བ་བརྗེད་མི་སྲིད་ལ། མུ་མཐུད་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་གྲོགས་པོ་བློས་ཐུབ་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་དང་ལུགས་མཐུན་གྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཧང་ག་རི་ཕྱོཊ་ཀྱིས་སྔོན་ཆད་དང་ད་ལྟ། འབྱུང་འགྱུར་བཅས་ཚང་མར་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བརྟན་པོ་ཞུ་རྒྱུ་ཡིན། ཧང་ག་རི་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ནས་ཧང་ག་རིར་ལས་ཞུཊ་ཀྱི་གོ་སྐབས་བཏོད་པ་དང་དམངས་འཚོ་ལེགས་བཅོས་ཐུབ་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མུ་མཐུད“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ཆེ་གྲས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་འཚོང་དང་ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅིང་། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧང་ག་རིར་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཧང་ག་རི་ཕྱོགས་ཀྱིས“ཐོན་ནུས་ལྷག་མ་འམ”ཡང་ན“ཉེན་ཁ་སེལ་བ”སོཊ་ཀྱི་ཤོད་སྟངས་ལ་ཁས་ལེན་བྱེད་ཀྱི་མེད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཆོད་སེམས་ལ་འགྱུར་བ་མེད་པ་དང་། དེར་སྟོབས་ཤུགས་གང་རུང་གི་འགོག་རྐྱེན་ཕོག་མི་སྲིད། ཧང་ག་རི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་ཞུ་བ་དང་། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྔགས་བརྗོད་ཞུ་ཡི་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་ཡོ་རོབ་གླིང་ལ་མཚོན་ན་གོ་སྐབས་ཡིན་པ་ལས་ཉེན་ཁ་མིན། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་ཕྱོགས་མང་པོའི་འབྲེལ་གཏུགས་དང་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་ཧང་ག་རི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་བསྟན་ཡོད།
རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོཊ་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྦྱོར་བྱེད་པ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅིང་། མུ་མཐུད་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཞི་བདེ་སྔ་ཙམ་མངོན་འགྱུར་ཡོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
མཇལ་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། དཔལ་འབྱོར་ཉོ་འཚོང་། མ་འཇོག ཚན་རྩལ། རིག་གནས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོ་བརྗེ་རེས་བྱེད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ད་དུང་ཐུན་མོང་ཐོག་གསར་འགོད་པར་ཐུག་འཕྲད་གནང་བ་རེད།
ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧང་ག་རིས་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཁྱོན་ཡོངས་འཐབ་ཇུས་རོཊ་ཟླའི་འབྲེལ་བ་འཛུཊ་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》དང་འཚམས་འདྲིའི་གྲུབ་འབྲས་ཀྱི་ཡིག་ཆའི་གསལ་ཐོ་སྤེལ་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།(པ་ཚེ་དང་ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社