分享按钮

རང་གྲོང་གིས་བྱིས་པའི་དཔྱི་ཚིགས་བུད་པའི་ནད་པར་རིན་མེད་ངང་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བྱིས་པའི་དཔྱི་ཚིཊ་བུད་པའི་ནད་པར་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་བཀོད་སྒྲིག་ཚོཊ་འདུ་དང་ལག་རྩལ་གསོ་སྦྱོང་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཤིང་། རང་གྲོང་གི་2024ལོའི་བྱིས་པའི་དཔྱི་ཚིཊ་བུད་པའི་ནད་པར་རིན་མེད་ངང་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་བྱ་སྤྱོད་ཀྱི་ཇུས་གཞིར་འགྲེལ་བཤད་བརྒྱབ་པ་དང་། ཞིབ་ཕྲའི་བརྟག་དཔྱད་དང་སྨན་བཅོས་ཀྱི་གཙོ་གནད་ལྷུ་ཚིཊ་བཀོད་སྒྲིག་བྱས་པ་རེད།

གསོ་སྦྱོང་ཚོཊ་འདུའི་ཐོག སྙེ་མོ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་2023ལོར་སྐྱ་གྲིབ་ཕོག་པའི་ནད་པར་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་རྩ་འཛུགས་ཀྱི་དོ་དམ་དང་ཉམས་མྱོང་ངོ་སྤྲོད་བྱས་པ་རེད། པེ་ཅིང་གི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་པའི་རུ་མི་དང་། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་བྱིས་པའི་རུས་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཝང་ཝང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སྒྲ་འདས་ཚན་ཁག་གི་ཀྲུའུ་རེན་ཧན་སུང་བཅས་ཀྱིས་སྨན་དོན་མི་སྣར་ལག་རྩལ་གསོ་སྦྱོང་བྱས་པ་རེད། རིཊ་གཅིག་མཁས་ཅན་ཚོས་དཔྱི་ཚིགས་བུད་པའི་ནད་རྐྱེན་དང་། ནད་ཐོག་མངོན་ཚུལ། བརྟག་དཔྱད་བྱེད་ཐབས། སྨན་བཅོས་རྩ་དོན་དང་ཆེས་གསར་དར་གྱི་ཞིབ་འཇུག་འཕེལ་རིམ་སོགས་ཀྱི་ནང་དོན་ལ་དམིགས་ནས་ནང་དོན་ཟབ་ལ་གོ་བདེ་བའི་འགྲེལ་བཤད་བརྒྱབ་པ་དང་། བྱིས་པའི་དཔྱི་ཚིཊ་འཚར་སྐྱེས་མི་ལེཊ་པར་དབྱེ་བཤེར་དང་། བརྟག་དཔྱད། དབྱེ་འབྱེད། གདམ་གསེས་སྨན་བཅོས་བཅས་ལ་དམིགས་ནས་གསོ་སྦྱོང་བྱས་པ་རེད།

ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ཀོང་གིས་བྱིས་པའི་དཔྱི་ཚིཊ་བུད་པའི་ནད་པར་རིན་མེད་ངང་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་བྱ་སྤྱོད་སྤེལ་བ་ནི་ལྷ་ས་གྲོང་ཁྱེར་གྱིས་པེ་ཅིང་བོད་སྐྱོར་གྱིས་ས་མཐོའི་ནད་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་རྣམ་གྲངས་ཀྱི་བྱ་ཐབས་གལ་ཆེན་གསར་གཏོད་དང་ལག་བསྟར་བྱས་པ་ཞིག་ཡིན། ནད་གཞི་འགར་སྨན་བཅོས་བྱེད་པའི་རྨང་གཞིའི་ཐོག ལོ་ལྟར་ཆེད་དོན་དབྱེ་བཤེར་གྱི་བྱ་སྤྱོད་སྤེལ་ཡོད་ཅིང་།དེའི་དམིཊ་ཡུལ་ནི་མང་ཚོཊ་ལ་ཕན་པ་ཐོབ་རྒྱ་ཆེ་རུ་གཏོང་བ་དང་། རྣམ་གྲངས་ལག་བསྟར་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་རེད། 2023ལོར་སྐྱ་གྲིབ་ཕོག་ཉེན་ཆེ་བའི་ནད་པ་1100ལྷག་ཙམ་ལ་བརྟག་དཔྱད་བྱས་པ་དང་། ནད་པ་190ལྷག་ཙམ་ལ་གཤགས་བཅོས་ཀྱི་མཛུབ་སྟོན་བྱས་པ། ནད་པ་98ལ་རིན་མེད་ངང་གཤགས་བཅོས་དང་སྨན་བཅོས་བྱས་པས་དྲག་སྐྱེད་བྱུང་ཡོད་ཅེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-11 6 6 拉萨日报藏文 c180726.html 1 རང་གྲོང་གིས་བྱིས་པའི་དཔྱི་ཚིགས་བུད་པའི་ནད་པར་རིན་མེད་ངང་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ། /enpproperty-->