ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་ཀྱིས“ཏང་ཡོན་ལས་བྱེད་པས་ཚད་གཞི་དེ་བས་མཐོ་བའི་སྒོ་ནས《སྲོལ་ཡིག》ལེགས་པར་སྦྱངས་ནས་ལེགས་པར་སྤྱོད་རྒྱུར་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི“གཞུང་ལུགས་འཛིན་པའི་སྟོད་ལུང་། ལས་བྱེད་པ་ཡི་སློབ་ཁང”ཞེས་པའི་འཆད་ཁྲིད་བྱེད་སྒོ་ཐེངས་བཞི་པ་སྤེལ་ཞིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་སྡེ་ཚན་ཁག་དང་གྲོང་རྡལ་ཁག(ཁྲོམ་གཞུང)གི་མི་50ལྷག་ཙམ་གྱིས་འཆད་ཁྲིད་ལ་ཉན་པ་རེད།
ཐེངས་འདིའི་འཆད་ཁྲིད་ལ་སྟོད་ལུང་བདེ་ཆེན་ཆུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཧོན་ཡུས་གདན་དྲངས་ཏེ། “གསར་དུ་བཅོས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)འགྲེལ་བཤད་བྱ་གཞིར་བྱས་ནས་ཆེད་དོན་སློབ་ཁྲིད་བྱས་པ་རེད། ལི་ཧོན་ཡུས་ཀྱིས《སྲོལ་ཡིག》གསར་དུ་བཅོས་པའི་དོན་སྙིང་གལ་ཆེན་དང་། གསར་དུ་བསྣན་པའམ་བཅོས་པའི་དོན་ཚན་གཙོ་བོ། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཕྱོགས་གསུམ་ལ་དམིགས་ནས་འགྲེལ་བཤད་བརྒྱབ་པ་རེད། འཆད་ཁྲིད་ཁྲོད། ཉེ་འགྲམ་དུ་ཐོན་པའི་གནད་དོན་མང་པོ་དང་ཟུང་འབྲེལ་བྱས་ཏེ་ནང་དོན་ཕུན་སུམ་ཚོགས་ཤིང་། སྐད་ཆ་གསོན་ཉམས་ལྡན་པའི་སྒོ་ནས་ཏང་ཡོན་ལས་བྱེད་པས《སྲོལ་ཡིག》ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པར་མཛུབ་ཁྲིད་བྱས་པར་མ་ཟད། སྟོད་ལུང་བདེ་ཆེན་ཆུས་ཀྱི་ལས་བྱེད་པར་ཆབ་སྲིད་སྒྲིག་ཁྲིམས་ཀྱི་སློབ་ཚན་དང་། ཉེན་བརྡའི་སློབ་གསོའི་སློབ་ཚན། ལག་ལེན་མཛུབ་ཁྲིད་ཀྱི་སློབ་ཚན་བཅས་ཁྲིད་པ་རེད།
ཚང་མས་ཐེངས་འདིའི་སློབ་ཚན་དེར་ཆབ་སྲིད་ཀྱི་མཐོ་ཚད་ལྡན་ཞིང་། རིགས་པའི་གཞུང་ལུགས་ཀྱི་གཏིང་ཟབ་པ། ལག་ལེན་ལ་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཁྱད་ཡོན་འཛོམས་པས་གསར་དུ་བཅོས་པའི《སྲོལ་ཡིག》གི་ཞིབ་ཕྲའི་བླང་བྱ་དང་གལ་ཆེའི་རང་བཞིན་སྔར་བས་ཤེས་བྱུང་ཞེས་ངོས་འཛིན་བྱེད་བཞིན་ཡོད། ཚང་མས《སྲོལ་ཡིག》གི་བླང་བྱ་ལྟར་རང་གཅུན་ལ་ཤུགས་སྣོན་བརྒྱབ་སྟེ་འཇིགས་བཀུར་ཤེས་པ་དང་། མཐའ་ཚད་རྟོགས་པ། སྒྲིག་ལམ་སྲུང་བ་བཅས་བྱ་རྒྱུ་དང་། ནན་པོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་དགོངས་གཞི་ནན་པོ་དང་བྱ་ཐབས་ནན་པོ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་མ་ཟད། སྒྲིག་ཁྲིམས་ནན་པོ་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་གོམས་གཤིས་སུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社