ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་ཞིང་ལས་དེང་རབས་དཔེ་སྟོན་ཁུལ་དུ་བསྐྱོད་དེ་ཤེས་རྟོགས་བྱུང་བར་གཞིགས་ན། “ལྔ་གཅིག”གུང་གསེང་རིང་གླིང་ཁུལ་དུ་ཕ་མ་བུ་ཕྲུག་གིས་མཉམ་དུ་ཡུལ་སྐོར་དང་ཤིང་ཏོག་འཐུ་བའི་བྱེད་སྒོ་སྤེལ་བ་རེད།
“ལྔ་གཅིག་རིང་ཕ་མ་བུ་ཕྲུག་གིས་མཉམ་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་ཁྲོད་། གླིང་ཁུལ་གྱིས་ཉིན་ལྟར་ཁྱིམ་ཚང་ཚོགས་ཆུང་10ལ་སྣེ་ལེན་ཞུ་ཡི་ཡོད། བྱེད་སྒོ་དེ་སྔ་དྲོ་དང་ཕྱི་དྲོའི་དུས་ཚོད་གཉིས་སུ་དབྱེ་ཡོད། སྔ་དྲོར་གཙོ་བོ་ཞིང་ལས་རིགས་ཀྱི་འདེབས་འཛུགས་འགྲེམས་སྟོན་ཁང་ལ་ལྟ་སྐོར་དང་ཤིང་ཏོག་འཐུ་བཞིན་ཡོད་པ་དང་། ཕྱི་དྲོ་ཞིབ་འཇུག་དང་སློབ་སྦྱོང་གི་ལག་ལེན་ཉམས་ལེན་སློབ་ཚན་དང་ཕ་མ་བུ་ཕྲུག་མཉམ་འགུལ་རོལ་རྩེད་ཀྱི་དུས་ཚོད་ཡིན་པ་རེད། གླིང་ཁུལ་གྱི་ཞིང་ལས་ཚན་རིག་ཁྱབ་གདལ་ཁང་དུ་ལྗོན་ཤིང་སྔོ་ཐིང་ཐིང་དང་། མེ་ཏོག་གི་དྲི་ཞིམ་གྱིས་ཁེངས་པས་མི་རྣམས་ཀྱི་སེམས་ཁམས་སྐྱིད་པོ་ཡོང་གི་ཡོད། འགྲེམས་སྟོན་ཁང་ནང་གི་སྦྲ་གུར་གསར་རྐྱང་དང་ཧ་ཅང་གཙང་བས་ཡུལ་སྐོར་བས་དེ་གར་གླིང་ཁ་གཏོང་བའམ་ཡང་ན་ངལ་གསོ་རྒྱག་ཆོག་པ། སྐྱེ་དངོས་ཤ་ཆེན་གྱིས་བཟོས་པའི་གངས་དཀར་ཀོང་ཇོའི་གཙོ་དོན་ཁུལ་ནི་ཡུལ་སྐོར་བ་ཚོར་བསྐྲུན་པའི་བྱིས་སྒྲུང་གི་རྣམ་པའི་ས་ཆ་ཡག་པོ་ཞིག་རེད། ཕུན་སུམ་ཚོགས་པའི་ཞིབ་འཇུག་དང་སློབ་སྦྱོང་ཉམས་ལེན་སློབ་ཚན་དང་མཛེས་སྡུག་ལྡན་པའི་ཕ་མ་བུ་ཕྲུག་གི་ཡུལ་སྐོར་ཁུལ་ལ་རྒྱ་ཆེའི་ཁྱིམ་བདག་གིས་སྔོན་མངགས་བྱེད་པར་ཡོང་གི་ཡོད་ཅིང་། སྔོན་མངགས་བྱེད་མཁན་མདུན་གྲལ་གྱི་ཁྱིམ་ཚང་10ལ“ལྔ་གཅིག”རིང་རིན་མེད་ངང་གླིང་ཁུལ་དུ་ཡུལ་སྐོར་བྱ་རྒྱུ་ཡོད་པར་མ་ཟད། ད་དུང་གླིང་ཁུལ་ནང་རང་ཉིད་ཀྱིས་འཐུས་པའི་ཤིང་ཏོག་རིན་མི་དགོས་པར་ཁྱིམ་དུ་ཁྱེར་ཆོག
ད་ཐེངས་ཀྱི་བྱེད་སྒོའི་ཐོག་ནས་ཡུལ་སྐོར་བའི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་། གཉེན་ཉེའི་བརྩེ་དུང་གསོ་སྐྱོང་བྱེད་པ། སེམས་ཁམས་ལྷོད་དུ་ཕྱིན་པ། སྤྲོ་སྣང་གི་དུས་ཚོད་མཉམ་སྤྱོད་བཅས་བྱས་པར་མ་ཟད། ད་དུང་ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་ཞིང་ལས་དེང་རབས་དཔེ་སྟོན་ཁུལ་གྱི་ཡུལ་སྐོར་སྤུས་རྟགས་སྔར་བས་བཏོད་ནས་ཆུ་ཤུར་ཡུལ་སྐོར་ལས་རིགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社