分享按钮

ཞི་ཅིན་ཕིང་གིས་ཧང་ག་རིའི་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་མཇལ་མོལ་གནང་བ།

(པར་ངོས་དང་པོར་མཐུད)ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོས་རྩ་ཆེའི་ཉམས་མྱོང་ཕྱོགས་མསྡོམས་བྱས་ནས་འབྱུང་འགྱུར་གྱི་ལམ་བུ་གསལ་སྟོན་བྱེད་དགོས་པ་སྟེ། གཅིག་ནས་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་། མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། ཀྲུང་གོ་དང་ཧང་ག་རིའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ནི་ཕྱོགས་གསུམ་པར་དམིགས་པ་ཞིག་མིན་ལ། ཕྱོགས་གསུམ་པའི་ཚོད་འཛིན་ཡང་ཐེབས་ཀྱི་མེད། གཉིས་ནས་ཕན་ཚུན་ཡིད་ཆེས་དང་རོགས་རེས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་བྱེད་པ་དང་སྦྲགས་ཕན་ཚུན་དབར་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། གསུམ་ནས་མཉམ་ལས་མཉམ་རྒྱལ་མཐའ་འཁྱོངས་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། རང་སོ་སོའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས་གཞུང་དྲང་དང་དྲང་བདེན་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། དེས་འཛམ་གླིང་ལ་གོ་སྐབས་ཆེན་པོ་བསྐྲུན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རིའི་གྲོགས་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོང་འཕེལ་མྱུར་འཁོར་ལ་བསྡད་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཧང་ག་རིའི་ཕྱོགས་དང་ཆབ་སྲིད་ཐད་མུ་མཐུད་ཡིད་ཆེད་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཧང་ག་རིའི“ཤར་ཕྱོགས་སྒོ་དབྱེའི”འཐབ་ཇུས་སྔར་བས་འབྲེལ་མཐུད་དམ་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། དངོས་སྒྲུབ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མུ་མཐུད་རྒྱ་བསྐྱེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རིའི་ཕྱོགས་དང་མཉམ་དུ་མུ་མཐུད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་ནས་མཉམ་ལས་གཏིབ་ཟབ་ཏུ་གཏོང་བ་དང་དངོས་སྒྲུབ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཧང་ག་རི་ཕྱོགས་ཀྱིས་ད་ལོའི་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་གོ་སྐབས་སུ་བྱས་ནས་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་གསུངས་གནང་ཡོད།

ཧྲུའུ་ཡིའུ་ཁེ་ཡིས་ད་ལོ་ནི་ཧང་ག་རི་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་ལོ་རེད། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བཞིན་ཡོད། 2017ལོར་རྒྱལ་ཁབ་གཉིས་པོས་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གྲོས་འགོ་དེས་ཧང་ག་རིར་རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད་སོགས་ཀྱི་མཉམ་ལས་ཁྲོད་ནས་ཕན་པ་མི་ཉུང་བ་ཞིག་ཐུབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་པ་དང་། རྒྱལ་སྤྱིའི་སྐད་ཆ་ཤོས་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་འདོད་ཚུལ་བཏོན་པ་དེ་ནི་མིག་སྔའི་འཛམ་གླིང་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་ཐག་གཅོད་དང་དཔུང་ཁག་གི་འགྲན་རྒོལ་སྔོན་འགོག་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་ཧང་ག་རི་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཞུ་བཞིན་ཡོད། ཀྲུང་གོ་དང་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཧང་ག་རིའི་སྔོན་གཏན་འཁེལ་བའི་བྱེད་ཕྱོགས་ཡིན། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགྲོ་འོང་དམ་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་སོགས་གཙོ་གནད་མཉམ་ལས་རྣམ་གྲངས་ཀྱིས་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དེས་ཧང་ག་རི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ཆུ་ཚད་དེ་བས་མཐོ་བའི་ཐོག་སླེབས་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། འབྱུང་འཕྲོད་ཕྱོགས་སྒྱུར་དང་ནུས་རྒྱུ་གཙང་མ་སོགས་ཀྱི་ཐད་ཀྲུང་གོ་ཕྱོགས་ལ་སྔོན་ཐོན་གྱི་ལག་རྩལ་དང་ཉམས་མྱོང་ལྡན་པས་ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧང་ག་རིར་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་མུ་མཐུད་མཉམ་ལས་ཧུར་ཐག་བྱས་ནས་ཧང་ག་རི་དང་ཀྲུང་གོའི་སྐད་གཉིས་སློབ་གྲྭ་དང་ཁུང་ཙི་སློབ་གླིང་ཡག་པོ་གཉེར་ཏེ། རྒྱལ་ཁབ་གཉིས་པའི་རིག་གནས་དང་སྐད་ཡིག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།(བྱམས་པ་ཚེ་རིང་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-11 6 6 拉萨日报藏文 c180718.html 1 ཞི་ཅིན་ཕིང་གིས་ཧང་ག་རིའི་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་མཇལ་མོལ་གནང་བ། /enpproperty-->