ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་ལུས་རྩལ་རྒྱན་ཤོག་གིས་ཆེས་མཛེས་ཤོས་ཀྱི་ཁོར་ཡུག་གཙང་སྦྲའི་ལས་བཟོ་བར་འཚམས་འདྲི་ཞུ་བའི“འོད་ཕྲན་སྤྱི་ཕན་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་ཞིང་། བོད་ལྗོངས་ལུས་རྩལ་རྒྱན་ཤོག་ལྟེ་གནས་ཀྱིས་རང་གྲོང་གི་ཁོར་ཡུག་གཙང་སྦྲའི་ལས་བཟོ་བར་རིན་ཐང་སྒོར་ཁྲི་70རི་བའི་འཚམས་འདྲིའི་དངོས་པོ་སྤྲད་པ་དང་སྦྲགས། བོད་ལྗོངས་པོ་རུའེ་ཁོར་ཡུག་གཙང་སྦྲའི་ཞབས་ཞུ་ཚད་ཡོད་ཀུང་སིར་འཚམས་འདྲིའི་བྱང་བུ་ཡང་སྤྲད་པ་རེད།
ལོ་མང་རིང་། རང་གྲོང་གི་ཁོར་ཡུག་གཙང་སྦྲའི་ལས་བཟོ་བས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཁྲོམ་གཞུང་ཆེ་ཆུང་གང་སར་མཛེས་རྒྱན་སྤྲས་ཏེ། གྲོང་ཁྱེར་གྱི་སྤུས་ཚད་དང་ཤེས་དཔལ་གྱི་རྣམ་པ་ལེགས་སུ་བཏང་བ་དང་། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་བཏོད་པ། ལས་བཀུར་དང་ལེགས་སྐྱེས་འབུལ་བ་བཅས་ལ་བརྟེན་ནས་སྤྱིར་བཏང་དང་རླབས་ཆེན་གྱི་ངལ་རྩོལ་གྱི་རྣམ་པ་བཏོད་པས་སྤྱི་ཚོགས་ཡོངས་ཀྱི་བརྩི་འཇོག་ཐོབ་ཡོད། བོད་ལྗོངས་ལུས་རྩལ་རྒྱན་ཤོག་གིས་ཆེས་མཛེས་ཤོས་ཀྱི་ཁོར་ཡུག་གཙང་སྦྲའི་ལས་བཟོ་བར་འཚམས་འདྲི་ཞུ་བའི“འོད་ཕྲན་སྤྱི་ཕན་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་དོན་ནི་བོད་ལྗོངས་ལུས་རྩལ་རྒྱན་ཤོག་ལྟེ་གནས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་བའི་བསྡུས་རིས་ཤིག་ཡིན་པ་དང་། ལྟེ་གནས་དེས“དམངས་འཚོར་དོ་ཁུར་དང་།གཞི་རིམ་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་གཞིར་བཟུང་ལྗོངས་ཡོངས་སུ་དུས་གཅིག་ཏུ་བོད་ལྗོངས་ལུས་རྩལ་རྒྱན་ཤོག་གིས་ཆེས་མཛེས་ཤོས་ཀྱི་ཁོར་ཡུག་གཙང་སྦྲའི་ལས་བཟོ་བར་འཚམས་འདྲི་ཞུ་བའི“འོད་ཕྲན་སྤྱི་ཕན་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་བས། ལུས་རྩལ་སྡེ་ཚན་གྱིས་ཁོར་ཡུག་གཙང་སྦྲའི་ལས་བཟོ་བར་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཀྱི་མཚོན་ཚུལ་ཞིག་ཀྱང་རེད།
ད་ཐེངས་ཀྱི་བྱེད་སྒོའི་ནང་།རང་གྲོང་གི་ཁོར་ཡུག་གཙང་སྦྲའི་ལས་བཟོ་བར་རག་པའི་འཚམས་འདྲིའི་དངོས་པོའི་ནང་རིག་ལྡན་མཐོ་གནོན་ཁྲོ་ཐབ་དང་།ཉལ་ཆས་དང་ཉལ་གདན་སོགས་ཚུད་ཡོད་ཅིང་། བྱེད་སྒོས་རྒྱ་ཆེའི་ཁོར་ཡུག་གཙང་སྦྲའི་ལས་བཟོ་བ་ཚོའི་ཐོབ་སྣང་དང་གཏོགས་སེམས་སྔར་བས་ཆེ་རུ་བཏང་བ་དང་། ཁོང་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུར་སྐུལ་མ་བཏང་བ་ཞིག་རེད། ཁོར་ཡུག་གཙང་སྦྲའི་ལས་བཟོ་བའི་འཐུས་མི་སྒྲོལ་མས་སླད་ཕྱིན་གྱི་ལས་དོན་ཁྲོད། ང་ཚོས་ངེས་པར་དུ་རང་འགན་གཙང་སྒྲུབ་ཀྱིས་གྲོང་ཁྱེར་གྱི་འཕྲོད་བསྟེན་གཙང་སྦྲ་ཡག་པོ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གིས་ང་ཚོར་ཐུགས་ཁུར་དང་བརྩེ་སེམས་ཟབ་མོ་བཅངས་པར་དྲིན་ལན་འཇལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社