分享按钮

(པར་ངོས་དང་པོར་མཐུད)ལྷ་སའི་འགག་སྒོའི་འགོ་འཛིན་ཝང་ཧུང་ཧན་གྱིས་ཤིས་ཚིག་བསྒྲོན་པ་དང་འབྲེལ་གན་རྒྱ་བཞག་པར་དཔང་པོ་ཡང་གནང་བ་རེད།

ཝང་ཧུང་ཧན་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ལྷ་སའི་འགག་སྒོས་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་ནི་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་ཡི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། ལྷ་ས་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཐེངས་འདིའི་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་དང་ལྷ་སའི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་བྱ་ཐབས་བཏོན་པ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་ཀྱི་འགག་སྒོ་སྲུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ལ་གཞི་ཚུགས་ནས“དོན་ཆེན་བཞི”གཙོ་གནད་དུ་འཛིན་པ་དང“འཛུགས་གཏོད་བཞི”དམ་འཛིན་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེའི་ཆེད་འགག་སྒོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝང་ཆང་གིས་ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷ་སའི་ཕྱི་ཕྱོགས་ཚོང་དོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། འགག་སྒོ་ལས་ཁུངས་ཀྱིས་ས་མཐོའི་དཔལ་འབྱོར་གྱི་སྒོ་དབྱེའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་བརྩེ་སེམས་ལ་གུས་བཀུར་ཞུས་ཤིང་། ཁོང་གིས་ཕྱོགས་གཉིས་པོས་ལེགས་ཆ་གསབ་རེས་ཟབ་ཏུ་བཏང་ནས་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་རྒྱ་ཆེའི་ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་ལ་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་ཧུར་ཐག་བྱས་ཏེ་ལྷ་སའི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གཙོ་རྐང་དུ་འགྱུར་བར་བྱ་རྒྱུའི་རེ་བ་ཡོད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཆ་འཕྲིན་མཉམ་སྤྱོད་དང་། ཉམས་མྱོང་དཔྱད་ལེན། འཛུགས་སྐྱོང་འགན་ལེན་སོགས་ལ་དམིགས་ནས་འགག་སྒོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད་ཅེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ལྷ་སའི་འགག་སྒོས་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་དང་དེ་བཞིན་བྱ་ཐབས་15བཏོན་པའི་ཁྲོད། ཁེ་ལས་ཀྱི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་རོགས་རམ་དང་། ཕྱི་ཕྱོགས་ཉོ་འཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་འཚོང་གི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཞབས་ཞུའི་འགན་ལེན་གྱི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་4ཚུད་ཡོད་པས་ལྷ་སའི་ཁེ་ལས་འཕེལ་རྒྱས་དང་། ཕྱི་ཕྱོགས་ཉོ་འཚོང་གི་གཞི་ཁྱོན་གཏན་འཇགས། ཕྱི་ཕྱོགས་ཉོ་འཚོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་རྒྱུ་ཡིན་པ་རེད།

མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཕན་ཝུན་ཆིང་དང་། ལྷ་སའི་འགག་སྒོའི་ཀོན་ཀྲང་གཞོན་པ་མིག་དམར་ཚེ་རིང་གཉིས་ཀྱིས་ཕྱོགས་སོ་སོའི་ཚབ་བྱས་ནས་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་ནས་ཕྱོགས་གཉིས་པོས་དེ་བས་དམ་ཟབ་དང་བརྟན་ལྷིང་གི་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ་ཁེ་ལས་ཀྱི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་རོགས་རམ་དང་། ཕྱི་ཕྱོགས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་ཐད་མཉམ་ལས་བྱ་རྒྱུ་ཡིན་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-11 6 6 拉萨日报藏文 c180714.html 1 /enpproperty-->