分享按钮

ཞི་ཅིན་ཕིང་གིས་ཧང་ག་རིའི་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་མཇལ་མོལ་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་སྲིད་འཛིན་ལས་ཤག་ཏུ་ཧང་ག་རིའི་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་མཇལ་མོལ་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པུ་ཏ་ཕེ་སི་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་སྲིད་འཛིན་ལས་ཤག་ཏུ་ཧང་ག་རིའི་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ཧང་ག་རི་ནི་ཀྲུང་གོ་གསར་པ་ཁས་ལེན་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཕྱི་འབྲེལ་བཙུཊ་ཚུན། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་བྱས་ཤིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ཐུབ་ཡོད་པ་དང་། སྐམ་ས་ཆེན་མོ་ལས་བརྒལ་བའི་གྲོཊ་པོ་དང་མཛའ་གྲོགས་མཉམ་ལས་ཀྱི་རོཊ་ཟླ་ནས་ཁྱོན་ཡོངས་འཐབ་ཇུས་རོཊ་ཟླའི་འབྲེལ་བའི་བར་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་བྱུང་ཡོད། མིག་སྔར། ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པ་དང་། སྲོལ་རྒྱུན་མཛའ་གྲོཊ་མི་སེམས་ལ་གཏིང་ཟབ་ཟུག་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ལོ་ནི་ཀྲུང་གོ་དང་ཧང་ག་རིའི་དབར་ཕྱི་འབྲེལ་བཙུཊ་ནས་ལོ་ངོ་75འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོཊ་ཀྱིས་ཧང་ག་རི་ཕྱོཊ་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོཊ་རྒྱུན་འཛིན་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀྲུང་གོ་དང་ཧང་ག་རི་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་སྔར་བས་མཐོ་བར་སླེབས་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གི་འདས་ཟིན་པའི་ལོ་ངོ་75ཡི་ནང་།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-11 6 6 拉萨日报藏文 c180711.html 1 ཞི་ཅིན་ཕིང་གིས་ཧང་ག་རིའི་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་མཇལ་མོལ་གནང་བ། /enpproperty-->