分享按钮

ཞི་ཅིན་ཕིང་ཧང་ག་རིའི་སྲིད་འཛིན་དང་སྲིད་བློན་གྱིས་གཉེར་བའི་དགའ་བསུའི་མཛད་སྒོར་ཞུཊ་པ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པུ་ཏ་ཕེ་སིར་ཧང་ག་རིའི་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་སྲིད་བློན་ཨོར་པན་ནས་མཉམ་དུ་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པུ་ཏ་ཕེ་སི་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པུ་ཏ་ཕེ་སིར་ཧང་ག་རིའི་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་སྲིད་བློན་ཨོར་པན་ནས་མཉམ་དུ་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།

དབྱར་ཟླ་དང་པོའི་པུ་ཏ་ཕེ་སིར་ཉི་འོད་རབ་ཏུ་བཀྲ། གནའ་ཉམས་དོད་ཅིང་བརྗིད་ཉམས་ཆེ་བའི་པུ་ཏ་རྒྱལ་པོའི་ཕོ་བྲང་འགྱིང་ངེར་གནས་པ་དང་། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཅིག་རྒྱན་གཅིག་སྤྲས་སུ་གནས་ཡོད།

ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་བཞུཊ་པའི་རྒྱལ་མགྲོན་རླངས་འཁོར་རུ་ཁག་ཧང་ག་རིའི་གུས་ལུཊ་རྟ་དམག་རུ་ཁག་གི་སྲུང་སྐྱེལ་འོག་དལ་པོའི་ངང་པུ་ཏ་རྒྱལ་པོའི་ཕོ་བྲང་ནང་འབྱོར་བ་རེད། སྲིད་འཛིན་ཧྲུའུ་ཡིའུ་ཁེ་སྟངས་དཔྱལ་དང་སྲིད་བློན་ཨོར་པན་སྟངས་དཔྱལ་ནས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ་རེད། ཞི་ཅིན་ཕིང་གིས་ཧྲུའུ་ཡིའུ་ཁེའི་ཕེབས་རོགས་འོག་རྒྱལ་སྲུང་དམག་གི་གཟབ་སྒྲེང་རུ་ཁག་དང་རྟ་དམག་གཟབ་སྒྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣ་སྟངས་དཔྱལ་ནས་ཁག་སོ་སོར་ཕར་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་ཕྱག་གཏོང་རེས་གནང་སྟེ་ཕན་ཚུན་འཚམས་འདྲི་ཞུ་རེས་གནང་ཡོད།

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་ནས་སྲིད་འཛིན་ཧྲུའུ་ཡིའུ་ཁེ་སྟངས་དཔྱལ་དང་སྲིད་བློན་ཨོར་པན་སྟངས་དཔྱལ་དང་མཛའ་བརྩེའི་ངང་ཞལ་གྱེས་ཞུས་པ་དང་། ཡུད་ཙམ་ནས་ཁག་སོ་སོར་མཇལ་འཕྲད་གནང་ནས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བའི་འབྱུང་འགྱུར་ཐུན་མོང་ཐོག་འཆར་འགོད་གནང་རྒྱུའི་ཞལ་ཆད་གནང་བ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་དགའ་བསུའི་མཛད་སྒོར་ཞུགས་ཡོད།(ཉི་མ་ཆོས་སྒྲོན་དང་བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-11 6 6 拉萨日报藏文 c180712.html 1 ཞི་ཅིན་ཕིང་ཧང་ག་རིའི་སྲིད་འཛིན་དང་སྲིད་བློན་གྱིས་གཉེར་བའི་དགའ་བསུའི་མཛད་སྒོར་ཞུཊ་པ། /enpproperty-->