ཤིན་ཧྭ་གསར་འགྱུར་ཁང་པུ་ཏ་ཕེ་སི་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་སྲིད་བློན་གྱི་ལས་ཤག་ཏུ་ཧང་ག་རིའི་སྲིད་བློན་ཨོར་པན་དང་མཇལ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་དེ་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཁྱོན་ཡོངས་འཐབ་ཇུས་རོཊ་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲཊ་གནང་བ་རེད།
ཞི་ཅིན་ཕིང་གིས་མིག་སྔར། ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཀྲུང་གོ་དང་ཧང་ག་རིའི་ཁྱོན་ཡོངས་འཐབ་ཇུས་རོཊ་ཟླའི་འབྲེལ་བ་དེ་ཆུ་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཞིང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་དཔེ་མཚོན་བཏོད་ཡོད། ད་ལོ་ནི་ཀྲུང་གོ་དང་ཧང་ག་རིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོ་དང་ཧང་ག་རིའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་གལ་ཆེའི་གོ་སྐབས་གསར་པ་འཕྲད་ཡོད། རྒྱལ་ཁབ་གཉིས་པོས་མུ་མཐུད་ཕན་ཚུན་ཡིད་ཆེས་དང་རོགས་རེས་བྱེད་པའི་གྲོགས་པོ་ཡག་པོ་དང་མཉམ་ལས་མཉམ་རྒྱལ་གྱི་གྲོགས་པོ་ཡག་པོ་བྱས་ཏེ།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社