分享按钮

ཞི་ཅིན་ཕིང་པུ་ཏ་ཕེ་སིར་འབྱོར་ནས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པུ་ཏ་ཕེ་སི་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པུ་ཏ་ཕེ་སིར་འབྱོར་ནས་ཧང་ག་རིའི་སྲིད་འཛིན་ཧྲུའུ་ཡིའུ་ཁེ་དང་སྲིད་བློན་ཨོར་པན་གྱི་གདན་ཞུས་ལྟར་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བ་རེད།

ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་དེ་ཧང་ག་རིའི་མངའ་ཁོངས་ཀྱི་བར་སྣང་དུ་སླེབས་རྗེས་ཧང་ག་རིའི་མཁའ་དམག་གི་དམག་འཐབ་གནམ་གྲུ་གཉིས་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་བྱས་པ་རེད།

ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་དེ་པུ་ཏ་ཕེ་སིའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས་ཧང་ག་རིའི་སྲོན་བློན་ཨོར་པན་སྟངས་དཔྱལ་དང་ཕྱི་འབྲེལ་པུའུ་ཀྲང་ཤིས་ཡར་ཏུའོ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་སྟངས་དཔྱལ་གཉིས་ཀྱིས་བྱམས་བརྩེའི་ངང་ཕྱག་གཏོང་རེས་གནང་ནས།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-11 6 6 拉萨日报藏文 c180709.html 1 ཞི་ཅིན་ཕིང་པུ་ཏ་ཕེ་སིར་འབྱོར་ནས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ། /enpproperty-->