分享按钮

ཞི་ཅིན་ཕིང་སྲིད་འཛིན་ཝུའུ་ཆི་ཆིའི་གསོལ་སྟོན་ལ་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེར་ཀེ་རེ་ཏེ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཕྱི་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་བའི་ལས་དོན་མཇུག་འགྲིལ་ཉེར་ཡོད་པའི་སྐབས་སུ་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་སྐུ་ཟླ་ཐ་མ་ལ་གཉིས་ཀྱིས་པེར་ཀེ་རེ་ཏེ་ཞི་བདེའི་གཞིས་མིན་སྤྲོ་ཁང་དུ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་ཕེབས་སྐྱེལ་ཞུས་པ་རེད།

དབྱར་འགོའི་དུས་སུ་གནམ་གཤིས་དྭངས་ཤིང་།སྲིད་འཛིན་ཝུའུ་ཆི་ཆི་སྟངས་དཔྱལ་གཉིས་ཀྱིས་ཞི་བདེའི་སྤྲོ་ཁང་དུ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་རེད།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་སྟངས་དཔྱལ་གཉིས་ཀྱི་མཉམ་དུ་ཉི་གཡབ་ནས་པེར་ཀེ་རེ་ཏེ་གྲོང་ཁྱེར་གྱི་རྣམ་པར་རྒྱང་གཟིགས་གནང་བཞིན་མཆིས། ཝུའུ་ཆི་ཆི་ཡིས་ཞི་ཅིན་ཕིང་ལ་པེར་ཀེ་རེ་ཏེའི་གྲོང་ཁྱེར་གྱི་ལོ་རྒྱུས་དང་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ངོ་སྤྲོད་གནང་བ་དང་། ཀྲུང་གོའི་ཁེ་ལས་དང་བཟོ་པས་སེར་ཝེ་ཡའི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཁྱེར་འཛུགས་སྐྲུན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཝུའུ་ཆི་ཆི་ཡིས་ཀྲུང་གོ་ནི་ནམ་ཡང་རླབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཞེས་དང་། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་། རྒྱལ་ཁབ་ཆེན་པོའི་གོ་གནས་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-11 6 6 拉萨日报藏文 c180708.html 1 ཞི་ཅིན་ཕིང་སྲིད་འཛིན་ཝུའུ་ཆི་ཆིའི་གསོལ་སྟོན་ལ་ཞུགས་པ། /enpproperty-->