ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་འཛུཊ་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེཊ་དང་། ཁུལ་ཆུང་ཕྱོཊ་བསྡུས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། མང་ཚོཊ་ཀྱི་དཀའ་ཚེཊ་ཆེ་བའི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱ་ཆེད། ཟླ་5ཚེས་7ཉིན་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱིས་གླིང་ཆུང་སྤྱི་གླིང་གི་དྲ་མིག་ཏུ་ཁ་ཆད་ཡོད་པའི་དོན་གྲོས་བྱེད་གནས་སུ“17148”ཅེས་པའི་གྲོང་མིའི་གྲོས་ཚོཊ་ཐེངས་དང་པོ་འཚོཊ་ནས་ཁོངས་གཏོཊ་ཁུལ་གྱི་གྲོང་མིའི་དབར་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་བརྒྱུད་བསམ་འཆར་དང་གྲོས་འགོ་ཉན་ནས་གྲོང་མིའི་བསམ་ཚུལ་དང་རེ་སྒུག་ཤེས་རྟོཊ་ཐུབ་སྟེ།སྡེ་ཁུལ་བཅོས་སྐྱོང་གི་ཕན་འབྲས་སྟོན་གྲངས་དེ་གྲོང་མིའི་བདེ་སྐྱིད་སྟོན་གྲངས་སུ་གྱུར་ཡོད།
དོན་གྲོས་བྱེད་གནས་དུ་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་། གྲོང་མིའི་འཐུས་མི། སྡེ་ལས་དོ་དམ་མི་སྣ་སོགས་མཉམ་འཛོམས་བྱས་ནས་དམངས་དོན་དམངས་གཉེར་དང་། དམངས་དོན་དམངས་གྲོས། དམངས་དོན་དམངས་གཅོད་བཅས་ཀྱི་རྩ་དོན་གཞིར་བཟུང་ཇི་ལྟར་བྱས་ནས་ཁུལ་ཆུང་གི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་མང་དུ་གཏོང་བ། ཁང་བདག་ཨུ་ཡོན་ལྷན་ཁང་སྐབས་བརྗེ་འདེམས་བསྐོ་སོགས་ཀྱི་གནད་དོན་ཐད་གྲོས་མོལ་གཏིང་ཟབ་བྱས་ཏེ་དངོས་འབྲེལ་དམངས་ལ་གྲོས་མོལ་དང་དམངས་ཀྱི་ཆེད་དུ་གྲོས་མོལ་བྱས་ཡོད། གླིང་ཆུང་སྡེ་ཁུལ་གྱི་གྲོང་མི་སྐལ་བཟང་བསྟན་འཛིན་གྱིས་གླིང་ཆུང་སྡེ་ཁུལ་གྱིས་ང་ཚོར་མང་ཚོགས་ཀྱི་བདེ་སྡུག་བཤད་སའི་དོན་གྲོས་བྱེད་གནས་འདི་འདྲ་ཞིག་བསྐྲུན་པས་ཧ་ཅང་དགའ་པོ་བྱུང་།སླད་ཕྱིན་ཟླ་རེར་གྲོང་མིའི་གྲོས་ཚོགས་ཐེངས་རེ་འཚོག་རྒྱུ་ཡིན་པས།ང་ཚོས་བསམ་འཆར་དང་གྲོས་འགོ་གང་རུང་ཡོད་ཀྱང་འདོན་ཆོག་གི་ཡོད་ཅེས་བཤད།
དོན་གྲོས་བྱེད་གནས་བཙུགས་པ་དེས་གྲོང་མི་སྡེ་ཁུལ་འཛུགས་སྐྲུན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་སྔར་བས་སྐུལ་འདེད་བཏང་བ་དང་། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་འཚོ་བའི་དགོས་མཁོ་བསྐངས་བ། གྲོང་མིའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་སྡེ་ཁུལ་དོན་གྲོས་ཚོགས་འདུས་གྲོང་མིའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པའི་རྨང་གཞིའི་ཐོག་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་ཁྱད་ཆོས་ལྡན་པའི་བཀྲག་མདངས་འཚེར་སའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་རང་རྟོགས་ངང་གྲོང་མི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཀྱི་ཡོད་པ་རེད། རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་དོན་གྲུབ་ཀྱིས་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་གོ་སྐབས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཨུད་ཀྱི་ལས་གཞི་ལྔ་དང་ཁྲེང་ཀོན་ཆུས་ཀྱི་ལྔ་ལྔའི་ལས་དོན་བཅའ་ཁྲིམས་ཀྱི་བླང་བྱ་གཞིར་བཟུང་། སྡེ་ཁུལ་གྱི་སྤྱི་སྤྱོད་ཁུལ་དུ་དྲ་མིག་ཅན་དུ་ཁ་ཆད་ཡོད་ཅེས་པའི་དོན་གྲོས་བྱེད་གནས་ཀྱི་སྟེགས་བུ་ཞིག་བསྐྲུན་ནས་17148མཉམ་དུ་དོན་གྲོས་བྱེད་ཅེས་པའི་ལས་དོན་གྱི་རྣམ་པར་བརྟེན་ནས་རང་འགུལ་ངང་མང་ཚོགས་ཀྱི་དགོས་མཁོ་དང་དོན་དག་སྐད་ཆ་དྲིས་པ་དང་། དོན་གྲོས་བྱེད་གནས་ཀྱི་སྟེགས་བུར་བརྟེན་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱས་ནས་ཁོངས་གཏོགས་ཁུལ་གྱི་དྲ་མིག་ཅན་བཅོས་སྐྱོང་གི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོར་བསམ་བློ་གཏོང་བ་དང་། མང་ཚོཊ་ཀྱི་རེ་སྒུག་ལ་བསམ་གཞིཊ་བྱེད་པ་བཅས་བྱས་ཏེ་དམ་པ་དོན་གཉེར་གྱིས་མང་ཚོཊ་ལ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོཊ་ཧུར་ཐག་བྱེད་ཀྱིན་ཡོད་ཅེས་བཤད་པ་རེད།
རྗེས་མར་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱིས་དོན་དངོས་ལ་མུ་མཐུད་གཞི་ཚུགས་པ་དང་། གྲོང་མིའི་དགོས་མཁོར་དམིཊ་ནས་ཕྱོཊ་མང་པོའི་སྟོབས་ཤུཊ་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་1+3+Nཡི་དོན་གྲོས་སྒྲོམ་གཞི་མུ་མཐུད་དུ་སྤྱད་དེ་17148མཉམ་དུ་དོན་གྲོས་བྱེད་ཅེས་པའི་དོན་གྲོས་མ་ལག་ལ་སྐུལ་འདེད་བཏང་ནས་སྡེ་ཁུལ་གྱི་ཡུལ་མི་ཞུཊ་ཚད་དང་བློ་ཡིད་ཚིམ་ཚད་སྔར་བས་ཆེ་རུ་གཏོང་བ།ཚང་མ་ཞུ་གཏུགས་བྱེད་མཁན་དང་ལྟད་མོ་ལྟ་མཁན་ནས་ཇུས་འདོན་མཁན་དང་ཞུགས་མཁན་དུ་འགྱུར་བ་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་ཕན་ནུས་ཀྱི་ཁྱབ་ཁོངས་ཆེ་ཤོས་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྐུལ་སློང་བྱེད་པའི་གཞི་རིམ་སྤྱི་ཚོཊ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社