ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གསར་འགོད་པར་གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྔ་གཅིག་རིང་རང་གྲོང་གིས་གོང་རིམ་གྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་།མང་ཚོགས་ཀྱིས་དུས་ཆེན་དགའ་གཏོང་བྱེད་སྐབས་ལས་བྱེད་པས་ལས་གནས་བརྟན་སྲུང་བྱེད་པའི་བསམ་བློའི་ངོས་འཛིན་བརྟན་པོར་བཙུགས་ནས་དུས་ཆེན་རིང་གི་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་དམིགས་ཏེ་སྔོན་ནས་བཀོད་སྒྲིག་དང་།མངོན་གསལ་དོད་པོའི་སྒོ་ནས་རྟོག་ཞིབ་དང་ལྐོག་ཏུ་རྩད་གཅོད། འཕྲལ་སྡོམ་གྲ་སྒྲིག ལས་རེས་སོགས་ཀྱི་ལས་དོན་དམ་འཛིན་ནན་པོ་བྱས་ནས་དུས་ཆེན་རིང་གི་བདེ་འཇགས་ལ་འགན་ལེན་དང་བྱ་ཐབས་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། དུས་ཆེན་རིང་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད་པ་རེད།
བཀོད་སྒྲིག་ཞིབ་ཚགས་བྱས་ནས་ལས་ཀའི་འགན་འཁྲི་ནན་དུ་བཏང་བ་སྟེ། དུས་ཆེན་གོང་དུ་རང་གྲོང་གིས་བདེ་འཇགས་སྔོན་འགོག་ལས་དོན་ལ་བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་ཁག་གི་བསམ་བློའི་གོ་རྟོགས་མཐོ་རུ་བཏང་ནས་སྔོན་འགོག་བྱེད་ཐབས་ལག་བསྟར་ཞིབ་ཕྲ་བྱེད་པ་དང་།དུས་ཆེན་རིང་གི་ལས་དོན་ཁག་གཅིག་གྱུར་གྱིས་ཡག་པོ་སྒྲུབ་པ། དུས་དང་རྣམ་པ་ཀུན་ཏུ་བློས་འགེལ་མི་ཐུབ་པའི་འགན་འཁྲི་འཁུར་སེམས་དེ་བྱ་བ་ཡོད་ཚད་སེམས་སུ་གདིང་ཚོད་ཡོད་པར་འགྱུར་བར་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་མི་དམངས་བདེ་འཇགས་དང་ཞི་མཐུན་ངང་དུས་ཆེན་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་ལས་དོན་གྱི་དོན་དངོས་དང་དུས་ཆེན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས《ལྔ་གཅིག་རིང་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་དོགས་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དྲན་སྐུལ་ཡི་གེ》པར་འགྲེམས་བྱས་ཡོད་པ་དང་།རིག་གནས་ཡུལ་སྐོར་དང་། འགྲོ་ལམ་འགྲིམ་འགྲུལ། འཛུཊ་སྐྲུན་ཨར་ལས། མེ་ཟོན་བདེ་འཇགས། རྡོ་སོལ་དང་གཏེར་ཁ་མིན་པ། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་སོགས་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ལ་ལས་འཛོལ་མི་ཐོན་པའི་སྔོན་འགོག་ནན་པོ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།
གནོད་འཚེའི་ལས་འཛོལ་གྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ཏེ་ཟུར་བསྟན་ལེབ་མཐོང་གི་སྒོ་ནས་བདེ་འཇགས་ཀྱི་ཉེན་ཁར་གྲལ་བཤེར་བྱས་པ་སྟེ།རང་གྲོང་གིས་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་སྔོན་འགོག་ལས་དོན་གྱི་ཚོགས་འདུ་འཚོགས་ནས་རིམ་ཁག་ཚན་ཁག་ལ་ཉེན་ཟོན་གྱི་བསམ་པ་དང་རྗེས་ཡོང་སྔོན་དྲན་གྱི་བསམ་པ་ཟབ་ཏུ་གཏོང་བ་དང་། གཙོ་གནད་ས་གནས་དང་འགག་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་ཏན་ཏིག་བྱེད་པ། གནམ་གཤིས་ཧ་ཅང་ངན་པ་དང་གནོད་འཚེའི་སྔོན་བརྡ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ། ཉེན་བརྡའི་སྐད་བརྡ་དང་རྗེས་འདེད་ཀྱི་ཞིབ་དཔྱད་ལམ་སྲོལ་དོན་འཁྱོལ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་ཞིབ་བཤེར་དང་ཞབས་ཞུར་དམ་འཛིན་ཡག་པོ་བྱས་པ་སྟེ། དུས་ཆེན་རིང་གྲོང་ཁྱེར་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སིར་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོས་འགན་འཁྲི་སྒྲུབ་པ་དང་། ཐོན་སྐྱེད་བདེ་འཇགས་ཐད་མ་དངུལ་གཏོང་བ། ཡུལ་དངོས་སུ་བདེ་འཇགས་དོན་འཁྱོལ་བྱེད་ཐབས་སོགས་ཀྱི་གནས་ཚུལ་འདྲི་རྩད་དང་ཤེས་རྟོགས་བྱས་པ་རེད། གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་འབྲེལ་ཡོད་ལས་རིགས་ཚན་པ་དང་མཉམ་འབྲེལ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་ཕྱོགས་བསྡུས་ཞིབ་བཤེར་ཚོགས་ཆུང་གི་ཚོགས་ཆུང་ཉེར་གཅིག་པས་ལན་སྤྲོད་བྱས་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། གནད་དོན་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་ཐད་བཅོས་སྒྲིག་གནད་ལ་འཁེལ་བར་འགན་ལེན་བྱས་ཡོད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འཕྲལ་སྡོམ་དོ་དམ་དང་། འགྲིམ་འགྲུལ། སྤྱི་བདེ། མེ་ཟོན། ཁྲོམ་ར་ལྟ་སྐུལ་དོ་དམ། སྡོད་ཁང་འཛུགས་སྐྲུན། ཚོང་དོན། རིག་གནས། ཡུལ་སྐོར། ཆུ་བེད་སོགས་ཚན་པས་ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་དང་།མངོན་གསལ་དོད་པའི་སྒོ་ནས་རྟོག་ཞིབ་དང་ལྐོག་ཏུ་རྩད་གཅོད། མཉམ་འབྲེལ་ཐོག་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འཐབ་ས་མདུན་མར་བསྐྱོད་ནས་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱས་ཡོད། རིམ་རྩིས་བྱས་པ་ལྟར་ན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་ཁག་གིས་ཁེ་ལས་དང་ཚན་པ་166ལ་ཞིབ་བཤེར་བྱས་པར་བརྟེན་ནས་སྤྱིར་བཏང་གི་མངོན་མེད་རྐྱེན་ངན་གྱི་གནད་དོན་146ཤེས་རྟོགས་བྱུང་བ་དང་།གནད་དོན་91བཅོས་སྒྲིག་བྱས་ཟིན་པ། དུས་བཀག་ནང་ཐག་གཅོད་བྱ་རྒྱུའི་གནད་དོན་55བཀོད་སྒྲིག་བཅས་བྱས་ཡོད་པ་རེད།
ལས་རེས་དང་འཕྲལ་སྡོམ་གྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་པ་སྟེ། དུས་ཆེན་རིང་གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་གིས་ཆུ་ཚོད་24ཡི་ལས་རེས་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཆུ་ཚོད་24ཡི་རིང་ཆེད་མངགས་ལས་རེས་མི་སྣ་བཀོད་སྒྲིག་བྱས་ནས་དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་རྫོང(ཆུས)ཁག་གི་བདེ་འཇགས་སྔོན་འགོག་ལས་དོན་གྱི་གནས་ཚུལ་སྐབས་བསྟུན་ངང་བཀོད་གཏོང་བྱས་ཏེ་ཛ་དྲག་ཆ་འཕྲིན་བསྡུ་རུབ་དང་སྙན་སེང་ཞུས་ནས་གློ་བུར་དུ་ཐོན་པའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཐོག་ལྔ་གཅིག་རིང་བདེ་འཇགས་དང་བརྟན་ལྷིང་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད། ཕྱིས་འབྱུང་།གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་དང་རྒྱལ་ཁབ་བདེ་འཇགས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་གཏོད་པ་སོགས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས། རིག་གནས་ཡུལ་སྐོར་། མེ་ཟོན་བདེ་འཇགས། རྡོ་སོལ་དང་གཏེར་ཁ་མིན་པ། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། དམིགས་བསལ་སྒྲིག་ཆས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དོ་དམ་ནན་པོ་བྱ་རྒྱུ་དང་། མི་ཚོགས་འདུ་འཛོམས་བྱ་ཡུལ་དང་། ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་དང་ཁུལ་ཆུང་རྙིང་པ། གློག་སྒུལ་འཁོར་རིགས་ཀྱི་གཅིག་སྡུད་གློག་གསོག་ས། མཚན་མོའི་དཔལ་འབྱོར་སོགས་མངོན་གསལ་དོད་དུ་བཏང་ནས་གལ་ཆེའི་གནས་ཡུལ་དང་།གལ་ཆེའི་ཁྱབ་ཁོངས།གལ་ཆེའི་ལྷུ་ཚིགས་བཅས་ཀྱི་ལས་ཀའི་འགན་འཁྲི་དམ་དུ་བཏང་སྟེ་བདེ་འཇགས་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ།བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་མུ་མཐུད་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱས་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社