ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། དྲིལ་བསྒྲཊ་ལག་བསྟར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ལ་ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུར་སྔར་བས་ཁྲིད་སྟོན་དང་། གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཡོངས་མི་རིཊ་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་ཁུལ་གསར་འཛུགས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་རྣམ་པ་མངོན་པར་བྱ་ཆེད། ཉེ་ཆར།གྲོང་ཁྱེར་མཐུན་སྒྲིལ་སྟོབས་ཆེར་གཏོང་བའི་ཆེད་དོན་ཚོགས་ཆུང་འགོ་ཚུགས་པ་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། གྲོང་ཁྱེར་མི་རིགས་ཨུ་ལྷན། སྡེ་ཚོགས་གྲོང་ཨུད། གྲོང་ཁྱེར་སློབ་གསོ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་དོན་གཏམ་བཤད་འགྲན་བསྡུར་ཆེ་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་སྡེ་ཚོགས་གྲོང་ཨུད་དུ་གཉེར་བ་རེད།
གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)8དང་བྱེད་ནུས་ཁུལ་3ནས་ཡོང་བའི་བདམས་ཐོན་པ་23རིམ་ཁག་གི་གྲ་སྒྲིག་འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད་ཕུལ་བྱུང་ནས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་པ་རེད། བདམས་ཐོན་པ་ཚོས་ཕྱོགས་མི་འདྲ་བའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་ཐད་ཀྱི་གོ་བ་ལེན་སྟངས་དང་ངོས་འཛིན་ལ་རྒྱས་བཤད་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆའི་ཐོག་ནས་ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་མཚོན་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁུལ་འཛུགས་རྒྱུར་ཤུགས་རྒྱག་རྒྱུའི་ཡིད་ཆེས་དང་ཆོད་སེམས་མངོན་པར་བྱས་ཡོད།
ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་ནི་མངོན་གསལ་དོད་པོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ལ་ཉེ་འཁོར་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་སྔོག་འདོན་དར་སྤེལ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་བརྩེ་དུང་མཉམ་འདྲེས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་སྟེགས་བུ་ཞིག་ཀྱང་ཡིན། འགྲན་བསྡུར་ནང་ཞུགས་མཁན་གྱི་བདམས་ཐོན་པ་ཚོས་གཏམ་བཤད་འགྲན་བསྡུར་བརྒྱུད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་མོ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱ་ཁྱབ་ངང་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡག་པོ་བཤད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་ལྷ་སའི་གཏམ་རྒྱུད་ཡག་པོ་བཤད་ཡོད།
གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་སྤེན་པ་བཀྲ་ཤིས་ཀྱིས་སླད་ཕྱིན་ང་ཚོས་ད་དུང་ཕུལ་བྱུང་བདམས་ཐོན་པ་རང་སྐྱོང་ལྗོངས་རིམ་པར་འོས་སྦྱོར་བྱས་ནས་ལྷ་ས་གྲོང་ཁྱེར་དང་ལྷག་པར་དུ་ལྷ་སའི་གཞོན་ནུ་ལོ་ཆུང་གིས་མི་རིཊ་མཐུན་སྒྲིལ་གྱི་འདུ་ཤེས་ཁོང་དུ་ཆུད་པ་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社