(པར་ངོས་དང་པོར་མཐུད)མི་རྣམས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་དང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་སྙིང་སྟོབས་འཕེལ་ཡོད་ལ་ངའི་གཞོན་ནུའི་དུས་རབས་དང་འགྲོགས་ནས་ཡོད། ཏེ་ཡུའེ་ཁོའོ་ཝེ་ཆི་དང་། ཡུའེ་ཅི་ཆི། ཁུའུ་སི་ཐུའུ་ལི་ཁྲ་སོགས་སེར་ཝེ་ཡའི་ལུས་རྩལ་ལས་རིགས་དང་རིག་གནས་ལས་རིགས་ཀྱི་གྲགས་ཅན་མི་སྣ་ཀྲུང་གོར་ཀུན་གྱིས་ཤེས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་།ཀྲུང་གོ་དང་སེར་ཝེ་ཡས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ཐད་སྒུལ་ཤུགས་ཆེན་པོ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་ཡོད།
ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན།ད་གིན་ངས་སྲིད་འཛིན་ཝུའུ་ཆི་ཆི་དང་ཁྱོན་ཡོངས་དང་གཏིང་ཟབ་པའི་གྲོས་མོལ་བྱས་པ་ལས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་གྲུབ་ཡོད། ང་ཚོས་མཉམ་འབྲེལ་གསལ་བསྒྲགས་ལ་མཉམ་དུ་མིང་རྟགས་བཀོད་དེ་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཁྱབ་བསྒྲགས་བྱས་པས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བའི་རླབས་ཆེན་ལོ་རྒྱུས་ཀྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ཡོད། དེ་རིང་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་འགོ་འཛུགས་ས་གསར་རྐྱང་གི་ཐོག་ནས་རྩ་ཆེའི་གོ་སྐབས་ལ་དམ་འཛིན་དང་འོད་ཟེར་སྟོང་ལྡན་གྱི་མ་འོངས་པར་བསྐྱོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཛའ་གྲོགས་ཀྱི་སེར་ཝེ་ཡའི་མི་དམངས་དང་མཉམ་དུ་འབད་བརྩོན་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་རྒྱུན་ཆད་མེད་པར་འབད་འཐབ་བྱེད་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་དགའ་བསུའི་གསོལ་སྟོན་ལ་མཉམ་དུ་ཞུགས་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社