分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

(པར་ངོས་དང་པོར་མཐུད)གྲོང་ཁྱེར་གྱི་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོ་ཆུང་དང་རྫོང(ཆུས)ཁག་གི་ཆོས་ལུགས་ལས་དོན་གནས་ཚུལ་གྱི་སྙན་ཞུ་ཉན་པ།དུས་རིམ་རྗེས་མའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ཆོས་ལུགས་ལས་དོན་ནི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་ཡིན་པས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པར་འགན་འཁྲི་ལྕི་བ་དང་ལས་འགན་ཕྲག་སྟེང་དུ་ལྷུང་ཡོད།གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཕན་འདོགས་པ་ལྔ་ཡི་ཚད་གཞི་རྒྱུན་འཁྱོངས་དང་།འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ།ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱིས་ཆོས་ལུགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།སྣེ་ཁྲིད་ཐད་འབད་བརྩོན་བྱེད་དགོས།འདུ་ཤེས་གསུམ་གྱི་སློབ་གསོ་རྒྱུན་མཐུད་དང་གཏིང་ཟབ་སྤེལ་ནས་དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རྒྱ་ཆེའི་དགེ་འདུན་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་སའི་འཛུགས་སྐྲུན་ལ་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།སྔོན་འགོག་ཐད་འབད་བརྩོན་བྱེད་དགོས།ཁྲིམས་མཐུན་སྲུང་སྐྱོང་དང་།ཁྲིམས་འགལ་བཀག་འགོག ཐལ་དྲགས་བཀག་འགོག སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།དོ་དམ་ཐད་འབད་བརྩོན་བྱེད་དགོས།ཆོས་ལུགས་ལས་དོན་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།ཆོས་ལུགས་ཀྱི་སྒྲིག་ལམ་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས།འཛུགས་སྐྱོང་ཐད་འབད་བརྩོན་བྱེད་དགོས།དཔུང་ཁག་གསུམ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་།ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་པར་ཁྲིད་སྟོན་ཧུར་ཐག་བྱ་ཆེད་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་འཕྲིན་ལས་དར་རྒྱས་དང་།གྲོང་སྤྱི་གཞོན་པ་པ་སངས་རྡོ་རྗེ་དང་བློ་བསྟན།གྲོང་ཁྱེར་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ།རྫོང(ཆུས)དང་བྱེད་ནུས་ཁུལ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-10 6 6 拉萨日报藏文 c180674.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->