ཤིན་ཧྭ་གསར་འགྱུར་ཁང་པེར་ཀེ་རེ་ཏེ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་སྔ་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀེ་རེ་ཏེའི་སེར་ཝེ་ཡའི་ཐོག་བརྩེགས་ཁང་ཆེན་དུ་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་མཇལ་མོལ་གནང་བ་རེད།རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་སེར་ཝེ་ཡ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་དང་མཐོ་རུ་གཏོང་བ་དང་།དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
ཟླ་བ་ལྔ་པའི་པེར་ཀེ་རེ་ཏེར་ཉི་འོད་རབ་ཏུ་འཕྲོ་ཞིང་།སེར་ཝེ་ཡའི་ཐོག་བརྩེགས་ཁང་ཆེན་གྱི་མདུན་དུ་ཀྲུང་གོ་དང་སེར་ཝེ་ཡའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བ་དང་གཟབ་སྒྲེང་རུ་ཁག་རྔམ་བརྗིད་རབ་ཏུ་ལྡན།ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རླངས་འཁོར་དུ་བཞུགས་ཏེ་ཕེབས་འབྱོར་གནང་སྐབས་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་སྐུ་ཟླ་ཐ་མ་ལ་ཡིས་རླངས་འཁོར་ནས་འབབ་ས་རུ་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་རེད།
ཝུའུ་ཆི་ཆིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།རྒྱལ་ཁབ་གཉིས་པོའི་གཙོ་བདག་ཐུན་མོང་ཐོག་ཞིབ་བཤེར་སྟེགས་བུའི་ཐོག་འཛེགས་ཤིང་།དམག་དཔུང་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་སེར་ཝེ་ཡའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་གུས་ལུགས་མེ་སྒྱོགས་10བརྒྱབ་པ་རེད།ཞི་ཅིན་ཕིང་གིས་ཝུའུ་ཆི་ཆིའི་ཕེབས་རོགས་འོག་གཟབ་སྒྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཞིང་།རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་ཕེབས་རོགས་མི་སྣ་དང་རེ་རེ་བཞིན་ཕྱག་བཏང་ནས་གུས་འདུད་ཞུས་གནང་བ་རེད།
ཝུའུ་ཆི་ཆིས་ཞི་ཅིན་ཕིང་ལ་ཕེབས་རོགས་ཞུས་ཏེ་མཉམ་དུ་སྲིད་གཞུང་ཐོག་བརྩེགས་ཁང་ཆེན་གྱི་སྟེགས་བུའི་ཐོག་ཕེབས་ཤིང་།ཐོག་བརྩེགས་ཁང་ཆེན་གྱི་ཐང་ཆེན་དུ་སེར་ཝེ་ཡའི་མང་ཚོགས་ཆིག་ཁྲི་ལྔ་སྟོང་གིས་ཀྲུང་གོ་དང་སེར་ཝེ་ཡའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།ཞི་ཅིན་ཕིང་གིས་དགའ་བསུ་ཞུ་བའི་མི་ཚོགས་ལ་ཕྱག་གཡུག་ནས་གུས་ལན་ཞུས་པ་དང་།ཐང་ཆེན་དུ་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་དགའ་བའི་འབོད་སྒྲ་གཅིག་རྗེས་གཉིས་མཐུད་ངང་ཡུན་རིང་གྲགས་ཡོད་པ་རེད།
དགའ་བསུ་ཞུ་བའི་མཛད་སྒོ་སྤེལ་རྗེས།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社