分享按钮

ཞི་ཅིན་ཕིང་དང་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ཡིས་ལྷན་དུ་གསར་འགོད་པར་ཐུག་འཕྲད་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀེ་རེ་ཏེའི་སེར་ཝེ་ཡའི་ཐོག་བརྩེགས་ཁང་ཆེན་དུ་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་མཇལ་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་ཐུག་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེར་ཀེ་རེ་ཏེ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀེ་རེ་ཏེའི་སེར་ཝེ་ཡའི་ཐོག་བརྩེགས་ཁང་ཆེན་དུ་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་དང་མཇལ་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་ཐུག་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས་དང་ཐོག་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་སྲིད་འཛིན་ཝུའུ་ཆི་ཆི་དང་། སེར་ཝེ་ཡའི་སྲིད་གཞུང་། སྤུན་ཟླ་ལྟ་བུའི་སེར་ཝེ་ཡའི་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་2016ལོར་ངས་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་སྐབས་སེར་ཝེ་ཡའི་འགོ་ཁྲིད་པ་དང་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་སྒོ་ནས་བདག་ལ་སྣེ་ལེན་ཞུས་པ་དེ་ད་ལྟའང་བརྗེད་པར་དཀའ་བ་ཞིག་རེད། ལོ་8སོང་རྗེས་སླར་ཡང་འཚམས་འདྲིར་སླེབས་སྐབས་སྲིད་འཛིན་ཝུའུ་ཆི་ཆིའི་འགོ་ཁྲིད་འོག་སེར་ཝེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་མཐོང་བ་ལས་ང་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་དང་སེར་ཝེ་ཡ་ནི་གྲོགས་པོ་ངོ་མ་དང་རོགས་ཟླ་བཟང་པོ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་ནི་རྡོ་ཕ་བོང་ལྟར་སྲ་ཞིང་བརྟན་པ་དང་། དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པ། ཕྱོགས་མང་མཐུན་སྦྱོར་དམ་ཟབ་དང་བདེ་བླག་ཡིན་པ། མཛའ་གྲོགས་ཀྱི་འབྲེལ་བ་མི་འགྱུར་ཡུན་རིང་གནས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཁ་སང་དགོང་མོར་སྲིད་འཛིན་ཝུའུ་ཆི་ཆི་དང་ཁོང་གི་སྐུ་ཟླ་དང་། དེ་བཞིན་སྲིད་བློན་དང་། སྲིད་བློན་ཟུར་པ། དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོ། ཕྱི་འབྲེལ་པུའུ་ཀྲང་སོགས་སྐུ་ངོ་མ་གནམ་ཐང་དུ་ང་དང་ངའི་སྐུ་ཟླ་བསུ་བར་ཕེབས་ཤིང་། གཞན་དང་མི་འདྲ་ཞིང་ཁྱད་ཆོས་ལྡན་པའི་སེར་ཝེ་ཡའི་འཁྲབ་སྟོན་བཀོད་སྒྲིག་བྱས་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། གོང་ཚེས་ཉིན་གྱི་སྔ་དྲོར། སྲིད་འཛིན་ཝུའུ་ཆི་ཆིས་སླར་ཡང་སྤྲོ་སེམས་འཁོལ་བའི་མང་ཚོགས་ཀྱི་དགའ་བསུའི་མཛད་སྒོ་གཟབ་རྒྱས་བཀོད་སྒྲིག་བྱས་པས་སེར་ཝེ་ཡའི་མི་དམངས་ཀྱིས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་དེས་ང་ལ་དེ་བས་སེམས་འགུལ་ཚད་མེད་ཐེབས་བྱུང་། ད་གིན་ང་དང་སྲིད་འཛིན་ཝུའུ་ཆི་ཆི་གཉིས་ཀྱིས་བྱམས་བརྩེ་ལྡན་པའི་ངང་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-10 6 6 拉萨日报藏文 c180673.html 1 ཞི་ཅིན་ཕིང་དང་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ཡིས་ལྷན་དུ་གསར་འགོད་པར་ཐུག་འཕྲད་གནང་བ། /enpproperty-->