分享按钮

ཞི་ཅིན་ཕིང་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེར་ཀེ་རེ་ཏེ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཉིན་དགུང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་སྟངས་དཔྱལ་གྱིས་པེར་ཀེ་རེ་ཏེའི་སེར་ཝེ་ཡའི་ཐོག་བརྩེགས་ཁང་ཆེན་དུ་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན།སེར་ཝེ་ཡ་ནི་ཤར་ཕྱོགས་ཀྱི་ནུབ་ངོས་དང་ནུབ་ཕྱོགས་ཀྱི་ཤར་ངོས་སུ་གནས་ཡོད་ཅིང་།སྔར་ནས་བཟུང་པའར་ཀན་གྱི་ལྟེ་བར་གྱུར་ཡོད། ལོ་ངོ་སྟོང་གི་རིང་ལ་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་མོའི་སྣ་མང་ཅན་གྱི་ཤེས་དཔལ་དེ་གར་མཉམ་འདྲེས་བྱུང་ནས་སེར་ཝེ་ཡའི་མི་རིགས་འདི་ཉིད་ལས་ལ་བརྩོན་ཞིང་སེམས་པ་བཟང་བ་དང་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་འཇགས་ཡོད། མིག་སྔར་སྲིད་འཛིན་ཝུའུ་ཆི་ཆིའི་སྣེ་ཁྲིད་འོག་སེར་ཝེ་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་འབད་བརྩོན་ཆེན་པོས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་དང་དམངས་འཚོ་ལེགས་སུ་གཏོང་བ་སོགས་ཀྱི་ཁྱབ་ཁོངས་ནང་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་དང་། མི་རིགས་ཀྱི་ཡིད་ཆེས་དང་སྤོབས་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་གཏོང་བའི་མདུན་ལམ་ཡངས་ཞིང་རྒྱ་ཆེ་བར་གྱུར་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན།ཀྲུང་གོ་མི་དམངས་ཀྱིས་སེར་ཝེ་ཡར་སྔར་ནས་བཟུང་དམིགས་བསལ་གྱི་མཛའ་གྲོགས་བརྩེ་བ་བཅངས་ཡོད། ནན་སི་ལ་ཧྥུའི་གློག་བརྙན《ཟམ་པ》དང་།གླུ་གཞས《ཨ།གྲོགས་པོ་རྗེས་སུ་མཇལ་ཡོང》ཞེས་པ་ཀྲུང་གོར་རྒྱ་ཁྱབ་ངང་དར་ཁྱབ་བྱུང་ནས།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-10 6 6 拉萨日报藏文 c180671.html 1 ཞི་ཅིན་ཕིང་སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ། /enpproperty-->