(པར་ངོས་དང་པོར་མཐུད)དགྲ་འདུལ། ཀྲང་ཏིང་ཁྲེང་། ལིན་ཡུང་། ཝང་ཧུའེ། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཞུགས་ཡོད།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། འཐབ་ཕྱོགས་གཅིག་གྱུར་ནི་རང་རེའི་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་རྒྱལ་ཁ་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་ཁག་གིས་ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་གྲོང་ཁྱེར་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཞི་ཚུགས་པར་བྱས་ཏེ་གཞུང་འཁྱོངས་གསར་འབྱེད་དང་། འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྒོ་ནས་ལས་དོན་ཡག་པོ་བསྒྲུབས་ཏེ་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་བསྐྱེད་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་སྔར་ལས་ཤུགས་ཆེར་གཏོང་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བ་སོགས་ཀྱི་དུས་ཆེན་གལ་ཆེན་ལ་དམིགས་ནས་གཙོ་རྒྱུན་གླེང་ཕྱོགས་ཀྱི་གཡུལ་ས་ལེགས་པར་བསྐྲུན་ཏེ་རྒྱུན་རྣམ་ཅན་དང་། ཟུར་ཚད་མང་བ། ཕྱོགས་ཡོངས་རྣམ་པའི་སྒོ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་སློབ་གསོ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། སྐབས་བབ་སྲིད་ཇུས་ཀྱི་སློབ་གསོ་བཅས་སྤེལ་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི“ངོས་འཛིན་ལྔ”སྔར་བས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་བརྟེན་ནས་ཁྱབ་རྒྱ་ཆེ་ཤོས་ཀྱི་བསམ་བློའི་ངོས་འཛིན་གཅིག་མཐུན་དང་མདུན་སྐྱོད་ཀྱི་མཉམ་ཤུགས་གཅིག་སྡུད་བྱེད་དགོས།
འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མངོན་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་གསར་གཏོད་བྱེད་དགོས། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ལྷག་པར་དུ“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་བྱས་ཏེ་ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཆོས་ལུགས་ལས་དོན་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་བཏང་ནས་ཆོས་ལུགས་འགྲིག་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱེད་དགོས།
འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་རྣམ་པ་སྔར་ལས་འཛུགས་སྐྱོང་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་ཏང་ཕྱིའི་མི་སྣ་དང་འབྲེལ་འདྲིས་དང་གྲོགས་པོ་སྒྲིག་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་རིམ་ཁག་གིས་ཇུས་འདོན་དང་། སྒྲིག་འཛུགས། མཐུན་སྦྱོར། ལྟ་སྐུལ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་དམ་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རིམ་ཁག་ཚན་ཁག་གིས་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་སྔར་ལས་ཤུགས་ཆེར་གཏོང་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་དང་རྒྱུན་ལྡན་གྱི་ལས་ཀ་དང་ཟུང་འབྲེལ་བྱེད་ས་ཡང་དག་བཙལ་ནས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་ཡར་ཐོན་ཡོང་བར་བྱེད་དགོས།
གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོགས་པ་རེད། གྲོང་སྤྱི་གཞོན་པ་པ་སངས་རྡོ་རྗེ་དང་། བློ་བསྟན།གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ། རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社