(པར་ངོས་དང་པོར་མཐུད)འཛམ་གླིང་ཐོག་ལོ་ངོ་5000ལྷག་ཙམ་རིང་རྒྱུན་བསྲིངས་ཤིང་མཚམས་ཆད་མྱོང་མེད་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་དཔལ་ཉག་གཅིག་དེ་ཡིན། དེར་བརྟེན། ཀྲུང་གོ་བར་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་འདུ་ཤེས་གཏིང་ཧ་ཅང་ཟབ་པོ་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་གཅིག་གྱུར་ལ་མཐོང་ཆེན་དང་གཅེས་འཛིན་བྱེད་ཀྱི་ཡོད། ཕྱིར་སྡོད་ཀྲུང་གོ་བ་མང་པོ་ཞིག་གིས་ཕྱི་རྒྱལ་དུ་ལོ་མང་རིང་འཚོ་བ་སྐྱེལ་བཞིན་ཡོད་ཀྱང་། སྔར་བཞིན་རྒྱལ་གཅེས་ཀྱི་བརྩེ་དུང་ཟབ་མོ་བཅངས་ནས་མེས་རྒྱལ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པར་སྙིང་དབུས་ནས་སྤོབས་སེམས་ཆེན་པོ་བྱེད་བཞིན་ཡོད། ང་རང་ནས་འཚམས་འདྲི་བྱེད་རིང་། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་སྤུན་ཟླ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་མང་པོ་ཞིག་གིས་རང་འགུལ་ངང་ལམ་བར་དུ་བསྒུགས་ནས་དགའ་བསུ་ཞུས་པ་རྟག་ཏུ་མཐོང་གི་འདུག ད་ལྟ་ཀྲུང་གོར་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ཡོད། ཀྲུང་གོའི་མི་དམངས་ཀྱིས་མུ་མཐུད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ངེས་ཡིན་པར་ཡིད་ཆེས་ཡོད། ཀྲུང་གོ་དང་ཧྥ་རན་སེ་ནི་མ་གཞི་ཤར་ནུབ་ཀྱི་ཤེས་དཔལ་མི་འདྲ་བ་གཉིས་ཀྱི་ཁོངས་སུ་གཏོགས་པ་དང་། རིན་ཐང་འདུ་ཤེས་དང་སྤྱི་ཚོགས་ལམ་ལུགས་འདྲ་ཡི་མེད་མོད། འོན་ཀྱང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོ་ནི་ཕན་ཚུན་ལ་བསྟུན་ཀྱང་གཅིག་མཚུངས་མེད། སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་པ་བརྒྱུད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་དང་དེ་བཞིན་མིའི་རིགས་ཀྱི་ཡར་ཐོན་ཆེད་ལེགས་སྐྱེས་གསར་པ་ཕུལ་ཆོག ཀྲུང་གོས་ཧྥ་རན་སེ་དང་ཡོ་རོབ་དབར་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཉོ་འཚོང་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། ཕན་ཚུན་ཤེས་རྟོགས་ཡང་དག་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཧྥ་རན་སེ་དང་།ཀྲུང་གོ་དང་ཡོ་རོབ་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་གཏམ་རྒྱུད་སྲ་བརྟན་དང་རྒྱུན་འཛིན་ཡག་པོ་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
མ་ཁེ་ལུང་གིས་ན་ནིང་ང་རང་ནས་ཀྲུང་གོར་འཚམས་འདྲི་ཞུས་པ་དང་ལྷག་པར་དུ་ཀོང་ཀྲོའུ་སུང་ཡོན་དུ་ཐུག་འཕྲད་བྱས་པ་དེས་བག་ཆཊ་བཟང་པོ་བཞག་བྱུང་། སྐུ་ཞབས་ཀྲུའུ་ཞི་དང་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད་ངས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས། འདུ་ཤེས། འཕེལ་རྒྱས་ཀྱི་བརྒྱུད་རིམ་བཅས་སྔར་བས་ཤེས་རྟོགས་ཐུབ་བྱུང་ལ་གནད་དོན་གལ་ཆེན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་སོང་། མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་ངེས་གཏན་མེད་པའི་རང་བཞིན་གྱིས་ཁེངས་ཡོད་པས་ཡོ་རོབ་ཀྱིས་འཐབ་ཇུས་རང་བདག་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་རྒྱུན་འཁྱོངས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ་ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་བཟང་པོ་འཕེལ་རྒྱས་གཏོང་རྒྱུ་དང་།ཕྱོཊ་གཉིས་དང་ཕྱོཊ་མང་མཉམ་ལས་ལ་ཤུཊ་སྣོན་རྒྱག་རྒྱུ་དེའང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཧྥ་རན་སེ་དང་ཀྲུང་གོ་གཉིས་ཀ་ནི་མཉམ་འབྲེལ་རྒྱལ་ཚོཊ་བདེ་འཇཊ་ལས་འཛིན་ལྷན་ཚོཊ་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་གཏུགས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ།ཡོ་རོབ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུའི་རེ་སྒུག་འཆང་བཞིན་ཡོད་ཅེས་གསུངས་ཡོད།
སྲིད་འཛིན་མ་ཁེ་ལུང་དང་ཁོང་གི་སྐུ་ཟླས་སྤྲོ་སེམས་འཁོལ་བའི་གདན་ཞུ་དང་བཀོད་སྒྲིག་གང་ལེགས་གནང་བར་ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུས་ཡོད། ཞི་ཅིན་ཕིང་གིས་དེ་རིང་ང་དང་ངའི་བཟའ་ཟླས་སྲིད་འཛིན་མ་ཁེ་ལུང་དང་ཁོང་གི་སྐུ་ཟླ་དང་ལྷན་དུ་སྤྲོ་སྣང་ལྡན་ཞིང་བརྗེད་པར་དཀའ་བའི་དུས་སྐབས་ཤིག་ལ་རོལ་བ་ཡིན། ང་རང་གིས་སྲིད་འཛིན་མ་ཁེ་ལུང་དབར་རྒྱུན་གཏན་རང་བཞིན་གྱི་འགྲོ་འོང་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་གོང་འཕེལ་ཡོང་རྒྱུར་སྣེ་ཁྲིད་བྱས་ཐོག རྙོག་འཛིང་ཆེ་བའི་འཛམ་གླིང་འདིར་བརྟན་ལྷིང་རང་བཞིན་དང་དྲང་ནུས་རང་བཞིན་དེ་བས་མང་བ་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། སྲིད་འཛིན་མ་ཁེ་ལུང་ལ་ཁོམ་པ་ཡོད་དུས་ཀྲུང་གོར་སླར་ཡང་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
ཞལ་གྱེས་སྐབས་སུ་ས་གནས་དེ་གའི་གྲོང་མི་ཚོས་རྫི་གླུ་སྙན་མོ་བླངས་ནས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་སྟངས་དཔྱལ་ནས་འདི་གར་འཚམས་འདྲིར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། སྤྲོ་སེམས་འཁོལ་པོས་ཁོང་རྣམ་གཉིས་སླར་ཡང་ཕེབས་རྒྱུའི་གདན་འདྲེན་ཞུས་ཡོད།
ཞི་ཅིན་ཕིང་གིས་འདི་གའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཁྱད་ཆོས་ལྡན་པའི་ཞིམ་ཟས་ཀྱིས་ང་ལ་བག་ཆཊ་ཟབ་མོ་བཞག་བྱུང་། ཧྥ་རན་སེའི་སྤུས་ལེཊ་ཀྱི་ཞིང་བཟོས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་མང་ཚོཊ་ཀྱིས་རོལ་མྱོང་ཐུབ་པར་བྱ་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ལ་མཛའ་བཤེས་ལྡན་པའི་ཧྥ་རན་སེའི་མི་དམངས་དེ་བས་མང་བ་ཀྲུང་གོར་གཟིཊ་སྐོར་དང་འཚམས་འདྲིར་ཕེབས་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
མ་ཁེ་ལུང་དང་པུའུ་ལི་ཅི་ཐེ་ཡིས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ཐུའུ་ཨེར་མ་ལའེ་ལུང་མདོ་ནས་ཐ་པུ་ལ་ཕྱིར་ལོག་གནང་བར་ཕེབས་རོགས་ཞུས་པར་མ་ཟད། གནམ་ཐང་དུ་དངོས་གཞིའི་ཕེབས་སྐྱེལ་ཞུ་བའི་མཛད་སྒོ་གཉེར་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་པེ་ཅིང་དུ་མཇལ་རྒྱུའི་ཞལ་ཆད་གནང་ཡོད།
ཉིན་དེའི་དགོང་མོ། ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཧྥ་རན་སེ་ནས་ཞལ་གྱེས་ནས་པེར་ཀེ་རེ་ཏེར་ཕེབས་པ་དང་། སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི་ཡི་གདན་ཞུས་ལྟར་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཡོད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社