(པར་ངོས་དང་པོར་མཐུད)མིག་སྔའི་འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་ཁྲོད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་སྔར་བས་བརྟན་པ་དང་། གཉིས་ཕན་མཉམ་ལས་སྔར་བས་དམ་ཟབ། སྤེལ་རེས་དང་དཔྱད་གཞིར་འཛིན་སྟངས་སྔར་བས་ཡག་པ་བཅས་བྱེད་བཞིན་ཡོད། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་སེར་ཝེ་ཡ་ནི་ཐོག་མཐའ་བར་གསུམ་དུ་གྲོགས་པོ་ངོ་མ་དང་རོགས་ཟླ་ཡག་པོ་ཞིག་ཡིན། ཁོང་ཚོའི་མཛའ་གྲོགས་ཡུན་རིང་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་དབར་དང་མི་དམངས་དབར་འགྲོ་འོང་བྱེད་པའི་དཔེ་མཚོན་ཞིག་བཏོད་ཡོད།
ང་ཚོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད། ང་དང་སྲིད་འཛིན་ཝུའུ་ཆི་ཆི་གཉིས་ཀྱིས་ཐུག་འཕྲད་དང་། ཁ་པར་གཏོང་རེས། འཕྲིན་ཡིག་གཏོང་རེས་སོགས་ཀྱི་བྱ་ཐབས་སྤྱད་དེ། ལས་ཀའི་འབྲེལ་བ་བཟང་པོ་བཙུགས་ཤིང་། རྒྱལ་ཁབ་གཉིས་པོའི་རིམ་ཁག་དབར་དང་ཁྱབ་ཁོངས་ཁག་དབར་སྤེལ་རེས་དམ་ཟབ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་རང་སོ་སོའི་མི་དམངས་ཀྱིས་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བསམ་ཤེས་དང་བརྩི་འཇོག་གང་ལེགས་བྱེད་པ་དང་། དྲང་གཞག་དྲང་བདེན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོར་བྱེད་པ་བཅས་ཀྱི་སྒོ་ནས་ཕྱོགས་གཉིས་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་དང་མཉམ་ལས་དམ་ཟབ་ཡོང་བ་དང་བདེ་བླག་ཡོང་བར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད།
ང་ཚོས་ཕན་ཚུན་གཉིས་ཕན་རྒྱུན་འཁྱོངས་བྱེད་བཞིན་ཡོད། སེར་ཝེ་ཡ་ནི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་རང་མོས་ཚོང་དོན་རོགས་ཟླ་ཐོག་མ་དེ་ཡིན། ན་ནིང་ཀྲུང་གོ་ནི་སེར་ཝེ་ཡའི་མ་འཇོག་ཡོང་ཁུངས་ཀྱི་རྒྱལ་ཁབ་ཆེ་ཤོས་དང་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་དེ་རེད། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ཐོན་ལས་སྦྲེལ་ཐག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི་མཉམ་ལས་འཕེལ་རྒྱས་འགྲོ་བཞིན་ཡོད་ལ་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རོགས་རམ་བྱེད་བཞིན་ཡོད། 2016ལོར་ངས་འཚམས་འདྲིར་བསྐྱོད་པའི་ཧོ་ཀང་སི་མེ་ཏའེ་ལེ་ཝོ་ཀང་བཟོ་གྲྭ་ནི་སེར་ཝེ་ཡའི་ཕྱིར་གཏོང་ཁེ་ལས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན། སེར་ཝེ་ཡའི་སྦྲང་རྩི་དང་། རྒུན་ཆང། གླང་ཤ ལུག་ཤ་སོགས་ཞིང་ལས་ཐོན་རྫས་ལ་ཀྲུང་གོའི་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད།
ང་ཚོས་ཕན་ཚུན་རོགས་རམ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཏོག་གསར་རིམས་ནད་ཐོན་རྗེས་ང་དང་སྲིད་འཛིན་ཝུའུ་ཆི་ཆི་དབར་ཁ་པར་ཐེངས་གཉིས་བཏང་ནས་རིམས་ནད་འགོག་པའི་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཞིང་། ཀྲུང་གོས་སེར་ཝེ་ཡར་རོགས་སྐྱོར་བྱས་པ་དང་། གཞན་གྱི་སྔོན་ལ་སྨན་བཅོས་དང་འགོག་སྲུང་གི་དངོས་ཟོག་ཁག་མང་པོ་མཁོ་འདོན་བྱས་པར་མ་ཟད། ད་དུང་རིགས་གཅིག་མཁས་ཅན་ཚོགས་ཆུང་སེར་ཝེ་ཡར་མངགས་ཡོད། སེར་ཝེ་ཡས་ཀྱང་ནུས་ཤུགས་ཡོད་རྒུས་ཀྲུང་གོར་རྒྱབ་སྐྱོར་བྱས་ཏེ་རིམས་འགོག་གི་སྐབས་སུ་ཕྱི་རྒྱལ་དུ་སྡོད་པའི་ཕྱིར་སྡོད་རང་མིར་རོགས་རམ་བྱེད་པའི“དཔྱིད་མྱུག་བྱ་སྤྱོད”སྤེལ་ཞིང་། སེར་ཝེ་ཡའི་དམངས་ཁྲོད་རྩ་འཛུགས་ཀྱིས་རང་འགུལ་ངང་ཀྲུང་གོའི་མི་དམངས་ལ་ཁ་རས་སོགས་དངོས་ཟོག་ཞལ་འདེབས་སུ་ཕུལ་ཡོད། དེ་དང་དེ་ལྟ་བུའི་དགོས་པ་དུས་སུ་སྨིན་པའི་སྤུན་ཟླའི་བརྩེ་བ་ནི་ཧ་ཅང་རྩ་ཆེན་ཞིག་རེད།
ང་ཚོས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་དང་སེར་ཝེ་ཡ་གཉིས་པོས་མི་དམངས་ཀྱི་བདེ་སྐྱིད་དང་རྒྱལ་ཁབ་ཀྱི་སྟོབས་འབྱོར་དོན་གཉེར་བྱ་རྒྱུར་གཞོལ་ནས་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་སྤེལ་རེས་ཧུར་ཐག་བྱས་ཏེ། སྲིད་ཏང་འགྲོ་འོང་ལ་ཤུགས་སྣོན་རྒྱག་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཀྱང་སྤྲོ་བ་ཆེན་པོས་རིག་གནས་དང་། ལུས་རྩལ། ཡུལ་སྐོར་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཕན་ཚུན་སྤེལ་རེས་བྱས་ནས་འབྲེལ་བ་བཟང་པོ་ཆགས་ཤིང་། སེར་ཝེ་ཡའི་ལག་རྩེད་སྤོ་ལོ་མཁས་ཅན་གཡོད་ཅི་ཆིས་ཀྲུང་གོའི་ཧའོ་མེ་ཤང་གི་གྲོང་གསེབ་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཆེ་མོར་སྐུལ་མ་བཏང་ཡོད། རྒྱལ་ཁབ་གཉིས་པོས་ལམ་ཡིག་དཀྱུས་མ་ཡོད་པའི་མི་སྣར་ཐོངས་མཆན་མི་དགོས་པར་བཟོས་ནས་འགྲོ་འོང་དང་སྤེལ་རེས་ཀྱི་མཉམ་ལས་ལ་སྟབས་བདེ་བསྐྲུན་ཡོད།
ཀྲུང་གོ་བས“གྲོགས་པོ་ནི་དྲང་བདེན་ལ་བརྟེན་ནས་སྒྲིག་དགོས”ཞེས་གླེང་གིན་ཡོད་པ་དང་། སེར་ཝེ་ཡ་བས“གྲོགས་པོ་ནི་མི་ཚེའི་རྒྱུ་ནོར་ཡག་ཤོས་ཡིན”ཞེས་གླེང་གིན་ཡོད། ཀྲུང་གོ་དང་སེར་ཝེ་ཡའི་ཡུན་རིང་གི་མཛའ་གྲོགས་འགྲོ་འོང་དང་གཉིས་ཕན་མཉམ་ལས་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བ་དེ་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་མཐུན་པ་དང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ། ཕྱོགས་གཉིས་པོའི་ཡར་ཐོན་ལ་ཕན་པ་བཅས་མཚོན་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོ་དང་སེར་ཝེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་བར་སྟོང་ཆེན་པོ་ལྡན་ཡོད། ངས་ད་རེས་ཀྱི་འཚམས་འདྲི་བརྒྱུད་ནས་སེར་ཝེ་ཡའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་སེར་ཝེ་ཡའི་མཛའ་གྲོགས་སྔར་བས་དར་རྒྱས་གཏོང་རྒྱུ་དང་དངོས་གནས་དྲང་གནས་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་རྒྱུ་ཡིན་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།
ང་ཚོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་གི་གྲོགས་པོ་ཡག་པོ་ཞིག་བྱེད་དགོས། ཀྲུང་གོ་དང་སེར་ཝེ་ཡས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་དང་རྒྱ་ཆེར་གཏོང་རྒྱུ་རེད། ཕྱོགས་གཉིས་ཀས་ཕན་ཚུན་བསམ་ཤེས་དང་།ཕན་ཚུན་ཡིད་ཆེས།ཕན་ཚུན་རྒྱབ་སྐྱོར།ཕན་ཚུན་རོགས་རམ་བཅས་བྱེད་པའི་བགྲོད་ལམ་བརྒྱུད་ནས་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་དེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཕ་རོལ་པོར་མུ་མཐུད་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། ཀྲུང་གོས་སེར་ཝེ་ཡའི་མི་དམངས་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་བརྩི་འཇོག་དང་།རྒྱབ་སྐྱོར་བྱས་ནས་སེར་ཝེ་ཡས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་པ།སྟོབས་ཤུགས་གང་རུང་ཞིག་གིས་སེར་ཝེ་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བཅས་བྱ་རྒྱུ་ཡིན།
ང་ཚོས་ཐོག་མཐའ་བར་གསུམ་དུ་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་ཡག་པོ་ཞིག་བྱེད་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་།སྤུས་ཚད་མཐོ་བའི་ཐོན་སྐྱེད་ཀྱི་ནུས་པ་ཇེ་མཐོར་གཏོང་བཞིན་ཡོད། ཉེ་བའི་ལོ་ཤས་རིང་།སེར་ཝེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། ཀྲུང་གོ་དང་སེར་ཝེ་ཡས་གཉིས་ཕན་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དུས་དཀྱིལ་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ནས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་སྔར་བས་མང་བ་བསྐྲུན་རྒྱུར་བརྩོན་ལེན་བྱས་ཐོག ཚན་རྩལ་གསར་གཏོད་དང་།སྔོན་ཐོན་བཟོ་སྐྲུན། སྦགས་མེད་ནུས་ཁུངས། གྲངས་འཛིན་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་དུ་གཏོང་དགོས་པ་དང་།འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་སྐྲུན་དགོས།ང་ཚོས་ཐོག་མཐའ་བར་གསུམ་དུ་དྲང་སྙོམས་དང་དྲང་བདེན་ལ་སྐུལ་འདེད་གཏོང་བའི་མིག་དཔེ་བཟང་པོ་ཞིག་གཏོད་དགོས།
ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ནི་ལྕགས་ཀྱུ་ལྟ་བུའི་གྲོགས་པོ་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་པའི་ངོས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་མང་པོའི་ཐད་ལངས་ཕྱོགས་གཅིག་མཚུངས་ཡིན། ཟང་ཟིང་དང་འདྲེས་པའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་གཏོང་བ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འཛམ་གླིང་གི་ཞི་བདེའི་བརྟན་ལྷིང་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པར་འབད་བརྩོན་བཅས་བྱེད་དགོས།
ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་སེམས་གཅིག་སྦྲེལ་གྱི་གྲོགས་པོ་ཡག་པོ་ཞིག་བྱེད་དགོས། ཀྲུང་གོ་དང་སེར་ཝེ་ཡའི་དབར་གྱི་མཛའ་གྲོཊ་ནི་འབད་འཐབ་ཆེན་པོ་བསྐྲུན་པ་ཞིག་ཡིན་པས་དུས་རབས་གསར་པར་གཟི་བརྗིད་གསར་པ་དེ་བས་འཕྲོ་བཞིན་ཡོད། ང་ཚོས་ལངས་གཟུཊ་སྣ་མང་གི་སྤྱི་ཚོཊ་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་ས་གནས་མཉམ་ལས་ཀྱི་རྣམ་པ་བཏོད་དེ“ཐོངས་མཆན་འགོད་མི་དགོས་པ་དང་ཐད་སྐྱོད་མཁའ་འགྲུལ་ཟུང་དུ་འབྲེལ་བའི”ཕན་ནུས་བེད་སྤྱོད་ཡག་པོ་བྱེད་པ་དང་། ཕན་ཚུན་རིག་གནས་ལྟེ་གནས་འཛུཊ་པའི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ནས་སློབ་གསོ་དང་། ལུས་རྩལ། རིག་གནས། ཡུལ་སྐོར་སོཊ་མཉམ་ལས་བྱེད་ཤུཊ་ཆེ་རུ་བཏང་སྟེ་གཞོན་ནུ་ཚོར་གོ་སྐབས་དེ་བས་མང་བ་བཏོད་ནས་ཀྲུང་གོ་དང་སེར་ཝེ་ཡའི་དབར་གྱི་མཛའ་གྲོཊ་རྒྱུན་འཛིན་ཐུབ་པར་བྱེད་དགོས།
ད་ལྟའི་དུས་འདིར་ང་ཚོས་ལོ་ངོ་25གོང་གི་དེ་རིང་བརྗེད་མི་རུང་། བྱང་ཆིངས་སྒྲིག་འཛུགས་ཀྱིས་མངོན་སུམ་འཛེམ་མེད་ངང་ཡུ་ཀོ་སི་ལ་ཝི་ཡར་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་ལ་འབར་མདེལ་དབྱུགས་པས་ཧྲའོ་ཡུན་ཧོན་དང་།ཞུས་ཞིན་ཧུའུ།ཀྲུའུ་དབྱིན་བཅས་ཀྲུང་གོའི་གསར་འགོད་པ་3སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཞི་བདེར་གཅེས་འཛིན་བྱེད་ཀྱི་ཡོད་མོད།འོན་ཀྱང་ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་དུ་གཏན་ནས་ཐོན་དུ་འཇུག་མི་སྲིད། ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཁྲག་དྲོན་ལས་གྲུབ་པའི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་དྲན་ཤེས་སུ་གྱུར་ཡོད་ལ།ཕྱོགས་གཉིས་པོས་མཉམ་དུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱ་རྒྱུར་ཡང་སྐུལ་མ་ཐེབས་པར་བྱེད་དགོས།
ལོ་རྒྱུས་ཀྱི་འགོ་འཛུཊ་ས་གསར་པའི་ཐོག་ལངས་ཏེ། ང་ཚོས་སེར་ཝེ་ཡའི་གྲོཊ་པོ་དང་མཉམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་ལག་གདང་སྦྲེལ་ནས་ཡར་ཐོན་ཡོང་བར་བྱས་ཏེ་རྒྱལ་ཁབ་གོང་འཕེལ་དང་དར་རྒྱས་གཏོང་བའི་ལེའུ་གསར་པ་མཉམ་དུ་གཏོད་པ་དང་།དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡ་དབར་ལས་དབང་གཅིག་མཐུན་ཚོཊ་པ་མཉམ་དུ་སྐྲུན་འདོད་ཡོད། དཔྱིད་ཀྱི་དཔལ་ཡོན་ཤར་བའི་དུས་བཟང་འདིར་ང་ཚོས་ཀྲུང་གོ་དང་སེར་ཝེ་ཡ་ཡི་མཛའ་གྲོཊ་ཀྱི་སྡོང་པོ་སྐྱོན་མེད་ངང་འཚར་ལོངས་ཡོང་བའི་དཔང་པོ་དང་རེ་སྒུག་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱེད་དགོས།
(ཨོ་རྒྱན་ཚེ་རིང་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社